ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོང་གོ་ཅིན་དང་མཉམ་དུ་བདེ་འཇགས་དང་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གཉིས་ཉིན་ཁོང་གོ་ཅིན་དུ་དུས་ཡུན་ཉིན་གསུམ་རིང་འཚམས་འདྲི་བྱེད་པ་མཇུག་སྒྲིལ། ཁོའི་ཐེངས་འདིའི་འགྲུལ་བཞུད་ཀྱི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་དང་ཁོང་གོ་ཅིན་གྱི་བདེ་འཇགས་དང་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཆེད་རེད། 

དེ་ནི་ཀུའུ་ཐི་ལོས་སི་ཡིས་ཐོག་དང་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཐོབ་ཐང་གིས་ཁོང་གོ་ཅིན་ལ་འཚམས་འདྲི་བྱས་པ་རེད། ཁོས་ཉིན་དེར་ཅིན་ཧྲ་སཱ་ནས་ཁོང་གོ་ཅིན་གྱི་ཙུང་ཐུང་ཆི་སེ་ཁི་ཏིས་ལ་ཐུག་འཕྲད་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་དང་ཁོང་གོ་ཅིན་གྱིས་གྲོས་མཐུན་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གཏན་འཇགས་ཆེད་མངག་ཚོགས་པའི་ཤར་ཕྱོགས་ས་ཁུལ་གྱི་ཁྲིམས་འགལ་དྲག་ཆས་པར་ཁ་གཏད་འཇལ་བའི་འགུལ་སྐྱོད་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་མ་ཟད། ཁོང་གོ་ཅིན་གྱི་དམག་དཔུང་བར་གྱི་མཉམ་ལས་ཇེ་དྲག་ཏུ་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་ཤར་ཕྱོགས་ས་ཁུལ་གྱི་བདེ་འཇགས་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཁོས་ཁོང་གོ་ཅིན་གྱི་སྲིད་གཞུང་གསར་བས་རང་གི་མངའ་ཁོངས་ཀྱི་ཐོན་ཁུངས་ཀྱི་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ། རང་གི་ཐོན་ཁུངས་དེ་ཁྲིམས་འགལ་དྲག་ཆས་པའི་ལག་ཏུ་ཤོར་བར་སྔོན་འགོག་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་དེའི་ཐད་ནས་ཁོང་གོ་ཅིན་བར་མཉམ་ལས་བྱེད་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཁོང་གོ་ཅིན་དུ་རེ་བའི་བསིལ་རླུང་ཤུགས་ཀྱིས་ལྡང་བཞིན་ཡོད་པ་དང་། སྲིད་གཞུང་གསར་བས་བཅོས་སྐྱོང་ནུས་པ་ཇེ་མཐོར་བཏང་སྟེ། སྲིད་ཏང་སོ་སོ་དང་མཉམ་དུ་འགྲོ་མིའི་ཐོབ་ཐང་དང་འཕེལ་རྒྱས་ལ་སྔར་ལས་དོ་སྣང་བྱེད་པའི་ཐུན་མོང་ལྟ་ཚུལ་འོག་རྒྱལ་ཁབ་ཀྱི་སྣེ་ཁྲིད་ནས་རྣམ་པ་བསྒྱུར་བ་མངོན་འགྱུར་བྱེད་རྒྱུ་རེད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་གོ་ཅིན་གྱི་སྲིད་གཞུང་གི་བདེ་འཇགས་དང་གཏན་འཇགས་ཁོར་ཡུག་འོག་རྒྱུན་མཐུད་དང་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་མི་ཆོས་རིང་ལུགས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།