ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡི་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་ཡོད་པའི་སོ་ལྟ་ཁང་ཞིག་གི་ཉེ་འཁོར་དུ་བར་སྣང་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཤིག་གིས་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། འཐབ་འཛིང་གནམ་གྲུ་མང་བོས་སི་རི་ཡཱའི་མངའ་ཁོངས་ཀྱི་ཐུར་ཁེའི་དམག་དོན་ལྟ་ཞིབ་སོ་ལྟ་ཁང་ཞིག་གི་ཉེ་འདབས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཟེར། 

སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཚོད་འཛིན་བྱེད་པའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་མངའ་ཁོངས་ཀྱི་ཐུར་ཁེའི་སོ་ལྟ་ཁང་ཞིག་གི་ཉེ་འཁོར་ས་ཁུལ་དུ་བར་སྣང་འཇབ་རྒོལ་ཐེབས་ཡོད་ཟེར་ཡང་། དབྱིན་ཇི་རུ་བཙུགས་ཡོད་པའི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་དེས་བཤད་རྒྱུར། བར་སྣང་འཇབ་རྒོལ་བྱེད་མཁན་ནི་ཨུ་རུ་སིའི་དམག་དཔུང་དང་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གང་ཡིན་གསལ་བོར་མི་ཤེས་ཟེར། 

ད་ལོའི་ཟླ་བཞི་བའི་ཚུན་ལ། ཨུ་རུ་སིའི་ཕྱོགས་དང་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དབྱི་ཏི་ལེ་པུའུ་ས་ཁུལ་དུ་བར་སྣང་འཇབ་རྒོལ་མང་དུ་བྱས་མྱོང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།