ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པ་ནི་དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། དབྱི་ལིང་དང་ཨ་མེ་རི་ཁས་གྲོས་མོལ་སླར་གསོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ནང་ཞུགས་རྒྱུ་དེ་ཡིན་ལ། གྲོས་མོལ་དེ་ངེས་པར་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་སྒྲོམ་གཞིའི་འོག་སྤེལ་ཆོག་ཟེར། 

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ངེས་པར་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་ཏེ། དེའི་སྔོན་གྱི་ནོར་འཆུག་གི་ལམ་ཐིག་ཡོ་བསྲང་བྱས་པ་དང་། དབྱི་ལིང་གི་ཁྲིམས་མཐུན་ཁེ་དབང་ཁས་ལེན་བྱེད་དགོས་ཟེར། ལུའུ་ཧཱ་ནེ་ཡིས་གནས་བབ་ལ་འགྱུར་ལྡོག་བཟང་བོ་འབྱུང་བར་སྐུལ་འདེད་གཏོང་བའི་གནད་འགག་ནི་ཨ་མེ་རི་ཁ་ཡིན་པ་ནན་བཤད་བྱས། གལ་ཏེ་ཨ་མེ་རི་ཁས་མིག་སྔའི་དབྱི་ལིང་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་རྩིས་མེད་དུ་མ་བཏང་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་བཟང་བོ་འབྱུང་མི་སྲིད་ཟེར།

ལུའུ་ཧཱ་ནེ་ཡིས་བསྟན་དོན། དབྱི་ལིང་གིས་རྒྱལ་ཁབ་གང་རུང་བར་དགྲ་འཛིན་གྱི་ལྟ་སྟངས་འཛིན་འདོད་མེད་པ་དང་། དབྱི་ལིང་གིས་མཛའ་མཐུན་རྒྱལ་ཁབ་ཚང་མའི་བར་མཉམ་ལས་བྱེད་འདོད་ཡོད་ཟེར། 

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་གི་ཁས་ལེན་དམ་བཅའ་བརྩི་སྲུང་མ་བྱས་ན། དབྱི་ལིང་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གྲོས་མོལ་བྱེད་ཐབས་མེད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།