ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་འཕུར་མདའ་བཀོལ་ནས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་དམིགས་འབེན་ལ་དཔུང་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། དྲག་ཆས་རྩ་འཛུགས་དེས་ཉིན་དེར་འཕུར་མདའ་བེད་སྤྱད་ནས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་གནམ་གྲུ་ཐང་ལ་དཔུང་འཇུག་བྱས་ཟེར། 

ཧུའུ་སེ་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་སཱ་ལི་ཨ་ཡིས་བཤད་རྒྱུར། དྲག་ཆས་རྩ་འཛུགས་དེས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་འཕུར་མདའ་བཅུ་ལྷག་བེད་སྤྱོད་བྱས་ཏེ་སོ་ཏི་ཨ་རབ་ལྷོ་ཕྱོགས་ཀྱི་ཅི་ཙན་ཞིང་ཆེན་གྱི་གནམ་གྲུ་ཐང་ལ་དཔུང་འཇུག་བྱས་ཏེ། མི་བཅུ་ཕྲག་འགར་ཤི་རྨས་ཐེབས་ཡོད་ཟེར། 

སཱ་ལི་ཨ་ཡིས་བསྟན་དོན། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཡེ་མིན་ལ་དམག་དོན་ཐེ་གཏོགས་བྱས་པར་ངོ་རྒོལ་བྱེད་ཆེད། ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་དམིགས་འབེན་ལ་དཔུང་འཇུག་བྱེད་རྒྱུ་ཡིན་ཟེར། 

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་ཡིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་གཏོང་འཕེན་བྱས་པའི་འཕུར་མདའ་དྲུག་བཀག་ནས་གཏོར་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། འཕུར་མདའ་དྲུག་ནི་ཡེ་མིན་ནུབ་བྱང་ཕྱོགས་ཀྱི་སཱ་ཏཱ་ཞིང་ཆེན་ནས་གཏོང་འཕེན་བྱས་པ་དང་། དམིགས་འབེན་ནི་སོ་ཏི་ཨ་རབ་ཀྱི་མཐའ་མཚམས་གྲོང་ཁྱེར་ཅི་ཙན་གྱི་དམངས་བཀོལ་སྒྲིག་ཆས་རེད་ཟེར། གསལ་སྒྲོག་ལས་བསྡོམས་པས་འཕུར་མདའ་ག་ཚོད་གཏོང་འཕེན་བྱས་པ་དང་། མི་སྣར་ཤི་རྨས་ཐེབས་ཡོད་མིན་གསལ་བོར་བསྒྲགས་མེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།