ཀྲུང་གོ་བོད་ཀྱི་དྲ་བ།

འབར་མའི་དམག་ཕྱོགས་ཀྱིས་མི་རིགས་ས་གནས་དྲག་ཆས་རུ་ཁག་གསུམ་གྱིས་དམག་ཕྱོགས་ཀྱི་ཉེན་ཟོན་སྒྲིག་ཆས་ལ་འཇབ་རྒོལ་བྱས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་རྒྱལ་སྲུང་དམག་དཔུང་དམག་སྤྱི་ཁང་གིས་ཚེས་བཅོ་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། མི་རིགས་ས་གནས་དྲག་ཆས་རུ་ཁག་གསུམ་གྱིས་ཉིན་དེའི་ཞོགས་པར་རྒྱལ་སྲུང་ལག་རྩལ་སློབ་གླིང་དང་ཉེན་རྟོག་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས། སོ་ལྟ་ཁང་སོགས་སྒྲིག་ཆས་ལ་འཇབ་རྒོལ་བྱས། འཇབ་རྒོལ་ལས་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་ལ་རྨས་ཕོག་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཚེས་བཅོ་ལྔ་ཉིན་གྱི་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུའི་ཡས་མས་སུ། ནོའུ་ཁའེ་དམག་དང་ཏི་ཨང་མི་རིགས་བཅིངས་འགྲོལ་དམག གོ་ཀན་མནའ་མཐུན་དམག་བཅས་ཀྱི་དྲག་ཆས་པས་དུས་མཉམ་དུ་མཚོན་ཆ་ཡང་གྲས་བཀོལ་ནས་མན་ཏི་ལེ་ཞིང་ཆེན་གྱི་ཧྲན་ཝུའུ་ལོན་དུ་ཡོད་པའི་རྒྱལ་སྲུང་ལག་རྩལ་སློབ་གླིང་དང་ཧྲན་ཝུའུ་ལོན་ལམ་གླ་ལེན་ས། ཀུའུ་ཏོན་ཉེན་རྟོག་པའི་སོ་ལྟ་ཁང་། དེ་དུག་རྫས་ཞིབ་བཤེར་ས་ཚིགས་དང་དམག་སྒར་གཅིག་ལ་འཇབ་རྒོལ་བྱས་པ་རེད་ཟེར། 

དམག་ཕྱོགས་ཀྱི་སྤྱི་སྒྲོག་ལས་བཤད་རྒྱུར། དམག་ཕྱོགས་ཀྱིས་སོ་སོར་ཟླ་བདུན་པའི་ཚེས་ཉེར་ལྔ་དང་ཟླ་བརྒྱད་པའི་ཚེས་ལྔ་ཉིན་ཧྲན་པང་ཀོས་ཀའེ་གྲོང་རྡལ་དང་ནོའུ་ཀའེ་པང་ལཱ་ཏའེ་ཏང་གྲོང་རྡལ་ནས་མེ་སྒོར་བྱེ་བ་འགའི་དུག་རྫས་དང་མཚོན་ཆ་རྩད་ཆོད་པ་རེད། རོའུ་ཁེ་དམག་ལ་གྱོང་གུད་ཆེན་པོ་བྱུང་བར་མ་དགའ་བས། ཏི་ཨང་མི་རིགས་བཅིངས་འགྲོལ་དམག་དང་གོ་ཀན་མནའ་མཐུན་དམག་དང་མཉམ་དུ་འཇིགས་སྐུལ་འཇབ་རྒོལ་གྱི་ཐབས་ལ་བརྟེན་ནས་བཅའ་ཁྲིམས་སྒྲིག་ལམ་ལ་གཏོར་བརླག་བཏང་བ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།