ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཀིན་ཐིན་གྱིས་བྱེད་ཐབས་སྤྱད་དེ་དངུལ་ལོར་ཚོང་རའི་འགྱུར་ལྡོག་ཐག་གཅོད་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཀིན་ཐིན་གྱི་ཙུང་ཐུང་མཱ་ཁི་ལི་ཡིས་ཚེས་བཅུ་བཞིའི་ཉིན་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ནས་ཁྱབ་སྒྲོག་བྱས་དོན། ཨ་ཀིན་ཐིན་སྲིད་གཞུང་གིས་དཔལ་འབྱོར་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ཐོག་མར་སྤེལ་རྗེས་བྱུང་བའི་དངུལ་ལོར་ཚོང་རའི་འགྱུར་ལྡོག་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

མཱ་ཁི་ལི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སྲིད་གཞུང་གིས་དངོས་གཞི་དང་དངོས་གཞི་མིན་པའི་ལས་ཞུགས་མི་སྣར་དམིགས་ཏེ། རྒྱལ་དབང་དང་སྒེར་གྱི་ཁྱབ་ཁོངས་སུ་བྱེད་ཐབས་རབ་དང་རིམ་པ་སྤེལ་རྒྱུ་རེད། ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་ཇེ་མཐོར་གཏོང་བ་དང་། ངལ་རྩོལ་པའི་སྒེར་གྱི་དཔྱ་ཁྲལ་ཁུར་བོ་ཇེ་ཡང་དུ་གཏོང་བ། ཁེ་ལས་ཆུང་འབྲིང་གི་དངུལ་བུན་འཇལ་བའི་ཡུན་ཚད་ཇེ་རིང་དུ་གཏོང་བ། ངལ་རྩོལ་པའི་བྱིས་པའི་ཁ་གསབ་ཇེ་མང་དུ་གཏོང་བ། བྱ་དགའི་མ་དངུལ་ཇེ་མཐོར་གཏོང་བ་སོགས་འདུས། 

མཱ་ཁི་ལི་ཡིས་བཤད་རྒྱུར། བྱེད་ཐབས་དེ་དག་གིས་ངལ་རྩོལ་མཁན་དང་དེའི་ཁྱིམ་མི་བྱེ་བ་གཅིག་དང་ས་ཡ་བདུན་གྱི་མདུན་དུ་ལྷག་པའི་དཀའ་ཁག་ཞི་འཇགས་སུ་གཏོང་ཐུབ་པར་མ་ཟད། མིག་སྔའི་གཏན་འཇགས་མིན་པའི་ཁེ་ལས་ཆུང་འབྲིང་ལ་ཁེ་ཕན་བསྐྲུན་ཐུབ་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།