ཀྲུང་གོ་བོད་ཀྱི་དྲ་བ།

ཅིར་ཅི་སི་སི་ཐན་གྱི་སྔོན་ཆད་ཀྱི་ཙུང་ཐུང་ཨ་ཐན་པཱ་ཡེ་ཧྥུའུ་འཛིན་བཟུང་བྱེད་པའི་འགུལ་སྐྱོད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅིར་ཅི་སི་སི་ཐན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གསར་འགྱུར་ཅུའུ་ཡིས་ཚེས་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་དམག་དཔུང་གིས་ཉིན་དེར་སྔོན་ཆད་ཀྱི་ཙུང་ཐུང་ཨ་ཐན་པཱ་ཡེ་ཧྥུའུ་འཛིན་བཟུང་བྱེད་པའི་འགུལ་སྐྱོད་སྤེལ་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་དམག་དཔུང་ཉིན་དེར་རྒྱལ་ས་པུས་ཧྲི་ཁའེ་ཁི་གྲོང་ཁྱེར་ཉེ་འདབས་ཀྱི་ཁི་དབྱེ་ཐཱ་ཧྲི་སྡེ་བར་ཡོད་པའི་ཨ་ཐན་པཱ་ཡེ་ཧྥུའུ་ཡི་སྡོད་ཤག་ཏུ་སོང་ནས། ཨ་ཐན་པཱ་ཡེ་ཧྥུའུ་འཛིན་བཟུང་བྱེད་པའི་འགུལ་སྐྱོད་སྤེལ་བ་རེད། མིག་སྔར་འགུལ་སྐྱོད་དེ་མུ་མཐུད་དུ་སྤེལ་བཞིན་པའི་སྒང་རེད། 

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་སྤེལ་བའི་བརྙན་རིས་ལྟར་ན། ཨ་ཐན་པཱ་ཡེ་ཧྥུའུ་ཡི་རྒྱབ་སྐྱོར་མཁན་དང་དམིགས་བསལ་དམག་དཔུང་བར་འཁྲུག་རྩོད་བྱུང་བ་རེད། ཅིར་ཅི་སི་སི་ཐན་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཛིན་བཟུང་འགུལ་སྐྱོད་ཁྲོད་ཉུང་མཐར་ཡང་མི་བཅུ་ལ་རྨས་ཕོག་ཡོད་པ་དང་། དམིགས་བསལ་དམག་དཔུང་གི་དམག་མི་གཅིག་གི་རྨས་སྐྱོན་ཚབས་ཆེ་བའི་དབང་གིས་སྨན་ཁང་ནས་རྐྱེན་ལམ་དུ་ཤོར་ཟེར། 

ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་བསྒྲགས་པ་ལྟར་ན། ཙུང་ཐུང་རི་ཨིན་པེ་ཁི་ཧྥུའུ་ཡིས་ཉིན་དེར་སྔ་སྣུར་གྱིས་ངལ་གསོ་མཚམས་བཞག་ནས་པུས་ཧྲི་ཁའེ་ཁི་རུ་འབྱོར་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།