ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་གྲོས་མོལ་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་ཚེས་གསུམ་ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་སྐོར་ཐེངས་བརྒྱད་པའི་གྲོས་མོལ་མགོ་བརྩམས་པ་དང་། ཞི་བའི་གྲོས་མཐུན་ཞིག་འགོད་པར་རེ་བས་ཁེངས་ཡོད། 

ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་ཧྥུའུ་ཧན་འགྲིག་མཐུན་ལས་དོན་གྱི་དམིགས་བསལ་འཐུས་མི་ཧཱ་ལེ་ལེ་ཀྲ་ཏི་ཚེས་གཉིས་ཉིན་གྱི་དགོང་མོར་ཏའོ་ཧཱ་རུ་འབྱོར་བ་རེད། ཁོས་དྲ་ཚིགས་སྟེང་རྩོམ་ཡིག་སྤེལ་ཏེ། ང་ཚོས་ཞི་བའི་གྲོས་མཐུན་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། ང་ཚོས་གྲོས་མཐུན་བཟང་བོ་ཞིག་འགོད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། 

ཐཱ་ལེ་པན་གྱི་མགྲིན་ཚབ་པ་གཉིས་ཀྱིས་བཤད་རྒྱུར། ཐཱ་ལེ་པན་ཕྱོགས་ཀྱིས་མི་བཅུ་དགུས་གྲུབ་པའི་འཐུས་ཚབ་ཚོགས་པ་ཞིག་མངག་ནས་ཏའོ་ཧཱ་རུ་འབྱོར་བ་དང་། ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། གནས་ཚུལ་ཤེས་མཁན་རེ་འགས་བཤད་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་གྱི་ཡར་སྔོན་དུ་གྲོས་མཐུན་འགོད་ཐུབ་པའི་རེ་བ་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།