དབྱི་ལིང་གི་བདེ་འཇགས་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་དགུ་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་བདེ་འཇགས་དམག་དཔུང་གིས་བརྒྱད་པའི་ཚེས་གཅིག་ཉིན་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉེ་སྔོན་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་བཅུ་དགུ་བསད་པ་དང་། མི་བཅུ་དྲུག་འཛིནབ་ཟུང་བྱས་ཟེར། 

ཏིས་ཡཱ་ལཱ་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་ཧི་སེ་ནེ་ཡིས་གསར་འགོད་པར་བཤད་རྒྱུར། དབྱི་ལིང་གི་བདེ་འཇགས་དམག་དཔུང་དང་གསང་འཕྲིན་སྡེ་ཁག དམངས་དམག་དྲག་ཆས་པ་བཅས་ཀྱིས་གཟའ་འཁོར་གསུམ་གྱི་ཡར་སྔོན་ནས་བཟུང་ཞིང་ཆེན་དེའི་ས་ཁུལ་བདུན་ནས་གཙང་ཕྱགས་འགུལ་སྐྱོད་སྤེལ་མགོ་བརྩམས་པ་དང་། མིག་སྔའི་བར་བསྡོམས་པས་མགོ་བ་དྲུག་དང་བཅས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་དགུ་བསད་པ་དང་། མི་བཅུ་དྲུག་འཛིན་བཟུང་བྱས་ཟེར། 

ཧི་སེ་ནེ་ཡིས་བསྟན་དོན། ཐེངས་འདིའི་གཙང་ཕྱགས་འགུལ་སྐྱོད་ལས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལྷག་འཕྲོའི་སྦས་སྐོང་བྱེད་ས་བཅུ་གསུམ་གཏོར་བ་དང་། མཚོན་ཆ་མང་བོ་གཞུང་བཞེས་བྱས་པར་མ་ཟད། ཚད་ངེས་ཅན་ཞིག་གི་སྟེང་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལྷག་འཕྲོའི་ཞིང་ཆེན་དེའི་ཞེ་མུའུ་ལིན་རི་ཁུལ་ཉེ་འདབས་ཀྱི་དམག་ཆས་དང་དངོས་རྫས་ཀྱི་མཁོ་འདོན་ལ་བར་ཆད་བཟོས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།