ཀྲུང་གོ་བོད་ཀྱི་དྲ་བ།

ཕྱོགས་སོ་སོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་དང་ལག་བསྟར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་གྲོས་ཚོགས་ཚེས་ཉེར་བརྒྱད་ཉིན་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་ནས་སྤེལ་ཏེ། གྲོས་མཐུན་དེ་ལག་བསྟར་བྱེད་པའི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་ཧྲི་མུས་ཐི་ཡིས་མགོ་འཛིན་བྱས་པ་དང་། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨ་ལཱ་ཀི་ཞི་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ། དེ་མིན་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་ཀྱི་འབྲེལ་ཡོད་དཔོན་རིགས་གྲོས་ཚོགས་ལ་ཞུགས། 

ཚོགས་ཐོག་ནས་ཕྱོགས་སོ་སོས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲོམ་གཞིའི་ནང་གྲོས་མཐུན་ལག་བསྟར་བྱེད་པའི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས་ཏེ། གྲོས་མཐུན་དེ་འཐུས་སྒོ་ཚང་བ་དང་ཕན་ནུས་ལྡན་པར་ལག་བསྟར་བྱེད་པར་ཁག་ཐེག་བྱེད་རྒྱུ་བསྐྱར་སྒྲོག་བྱས། ཕྱོགས་སོ་སོས་ཨ་མེ་རི་ཁས་ཕྱོགས་གཅིག་གི་བཀག་སྡོམ་ལ་བརྟེན་ནས་རྒྱལ་ཁབ་གཞན་པས་གྲོས་མཐུན་ལག་བསྟར་བྱེད་པར་ཐེ་གཏོགས་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་བྱེད་ཐབས་སྤྱད་དེ་ཨ་མེ་རི་ཁའི་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་རྒྱུ་ཁས་ལེན་བྱས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།