ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་དང་ཁ་ཐར་རྒྱལ་ཁབ་གཉིས་ཀྱིས་གཞུང་ཚབ་ཆེན་མོ་རིམ་པའི་འབྲེལ་བ་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་པོའི་ཕོ་བྲང་གིས་ཚེས་བཅུ་དྲུག་ཉིན་གསལ་བསྒྲགས་སྤེལ་ནས། ཀྲ་དབྱི་ཏི་ལུའུ་ཆི་ཟེར་བ་དེ་ཁ་ཐར་རྒྱལ་ཁབ་ཏུ་སྡོད་པའི་ཅོར་ཏན་གྱི་གཞུབ་ཚབ་ཆེན་མོ་གསར་བར་བསྐོས། དེས་ཅོར་ཏན་དང་ཁ་ཐར་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པར་འབྲེལ་བའི་ཚད་ཇེ་དམའ་རུ་བཏང་བ་དེ་ཡང་བསྐྱར་གཞུང་ཚབ་ཆེན་མོ་རིམ་པར་སླར་གསོ་བྱས་པ་མཚོན་ཡོད།

ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པའི་རྒྱུ་ཆ་ལྟར་ན། ཀྲ་དབྱི་ཏི་ལུའུ་ཆི་ཡིས་འགན་དེ་མ་འཁུར་གོང་ཅོར་ཏན་ཕྱི་འབྲེལ་པུའུ་ཡི་དྲུང་ཡིག་ཆེན་མོའི་འགན་ཁུར་ཡོད་པ་དང་། སྡེ་ཁག་དེའི་མཐོ་རིམ་དཔོན་རིགས་རེད།

ཁ་ཐར་རྒྱལ་ཁབ་ཀྱི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་འགའི་སྔོན་ལ་ཁ་ཐར་རྒྱལ་ཁབ་ཀྱིས་གོང་མ་ཚང་གི་ཁོངས་མི་ཨ་ལེ་སཱ་ཉི་ཟེར་བ་དེ་ཅོར་ཏན་རྒྱལ་ཁབ་ཏུ་སྡོད་པའི་ཁ་ཐར་གྱི་གཞུང་ཚབ་ཆེན་པོར་བསྐོས་ཟེར།

ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པར། ཅོར་ཏན་སྲིད་གཞུང་གིས་ཁ་ཐར་བར་གྱི་འབྲེལ་བའི་ཚད་ཇེ་དམའ་རུ་བཏང་ནས། ཁ་ཐར་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འཐེན་བྱེད་པར་མ་ཟད། ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གིས་ཅོར་ཏན་ནས་ལས་སྒོ་སྤེལ་བའི་ཆོག་མཆན་དཔང་ཡིག་བླངས་པ་ཡན་ཞེས་བསྒྲགས།

ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པའི་མགོར། པ་རེན་དང་སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨེ་ཅིབ། ཡེ་མིན་སོགས་རྒྱལ་ཁབ་ཀྱིས་ཁ་ཐར་བར་དུ་འབྲེལ་མཚམས་བཅད་པ་ཡིན་ཞེས་བསྒྲགས་པ་དང་། ཁ་ཐར་གྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་ལ་རྒྱབ་སྐྱོར་བྱས་པར་མ་ཟད་ས་ཁུལ་གྱི་བདེ་འཇགས་གནས་བབ་ལ་གཏོར་བརླགས་བྱས་སོང་ཞེས་སྐྱོན་བརྗོད་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།