ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བྱང་ཕྱོགས་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་དྲ་བས་གློག་འཕྲིན་འབྱོར་གསལ། ཨ་ཧྥུའུ་ཧན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་བྱང་ཕྱོགས་ཀྱི་ཞིང་ཆེན་ཧྥ་ལེ་ཡའི་ཁྲོམ་ར་ཞིག་དང་དེའི་ཉེ་འདབས་ཀྱི་སྡོད་དམངས་ཁུལ་ལ་ཚེས་ལྔ་ཉིན་གྱི་སྔ་དྲོར་སྒྱོགས་མདེལ་ཕོག་པའི་དོན་རྐྱེན་ཁྲོད་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་ཟེར།

ཧྥ་ལེ་པུའུ་ཞིང་ཆེན་གྱི་ཉེན་རྟོག་ཁང་གི་མགྲིན་ཚབ་པ་ཡུག་ལཱ་ཧྲི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཐ་ལེ་པན་གྱི་དྲག་ཆས་མི་སྣས་སྒྱོགས་མདེལ་མང་བོ་འཕངས་པ་དང་། འཇབ་རྒོལ་ཁྲོད་ནས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བརྒྱད་ལ་རྨས་ཕོག འདས་པོ་དང་རྨས་མ་ཕལ་ཆེར་མི་སེར་ཡིན་ལ། དེའི་ནང་དུ་བུད་མེད་དང་བྱིས་པ་ཡང་ཡོད་ཟེར།

ཧྥ་ལེ་ཡ་ཞིང་ཆེན་གྱི་ཧྲིན་ཀྲང་ཧྥ་དབྱི་ཁི་ནས་ཐ་ལེ་པན་གྱིས་འཇིགས་སྐུལ་གྱི་དམིགས་ཡུལ་འགྲུབ་ཆེད་མི་སེར་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཐ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅ་ཞི་ཏི་ཡིས་རྩ་འཛུགས་ཀྱིས་འཇབ་རྒོལ་བྱས་མེད་ཅེས་བཤད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།