ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བརྒྱད་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་ས་གནས་དཔོན་རིགས་ཀྱིས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་དགུའི་ཉིན་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་པཱ་ཁི་ལེ་ཀྲིག་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དམག་དོན་འགུལ་སྐྱོད་སྤེལ་ཏེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་བརྒྱད་བསད་ཟེར། 

པཱ་ཁི་ལེ་ཀྲིག་གིས་ཧུའུ་ཏུའུ་ཨར་གྲོང་ཁྱེར་གྱི་དཔོན་རིགས་ཨེ་ཧཱ་མེད་ཏི་ཡིས་གསར་འགོད་པར་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཟླ་དྲུག་པའི་ཚེས་ཉེར་དགུའི་ཉིན་གྲོང་ཁྱེར་དེའི་སྡེ་བ་ཞིག་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱས་ཏེ། དྲག་ཆསས་ཉེས་ཅན་བརྒྱད་བསད་པ་དང་། གཞན་ཡང་དྲག་ཆས་ཉེས་ཅན་བཅུ་གཉིས་ལ་རྨས་ཕོག སྲིད་གཞུང་དམག་དཔུང་གི་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་ཕོག་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།