ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་དང་ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་དུ་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་བསད་པ་དང་། འགས་གཏོར་སྒྲིག་ཆས་སྐོར་ཞིག་གཏོར་ཟེར། 

དབྱི་རག་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་མཁའ་དམག་མངག་ནས་ནེ་ནེ་ཝེ་ཞིང་ཆེན་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སའི་ས་འོག་ཕུག་ལམ་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ནས་དྲག་ཆས་ཉེས་ཅན་བཞི་བསད་ཡོད་ཟེར། དབྱི་རག་བདེ་འཇགས་དམག་དཔུང་གིས་ནེ་ནེ་ཝེ་ནས་སི་རི་ཡཱའི་མཐའ་མཚམས་དང་ཉེ་བའི་པེད་ཨ་ཅི་གྲོང་རྡལ་ཉེ་འདབས་སུ་སྔོག་བཤེར་འགུལ་སྐྱོད་སྤེལ་སྐབས་དྲག་ཆས་ཉེས་ཅན་གཉིས་བསད་ཟེར། 

དེ་ལས་གཞན་དབྱི་རག་བདེ་འཇགས་དམག་དཔུང་གིས་མའོ་སུའུ་ཨར་བྱང་ཤར་ཕྱོགས་ཀྱི་པཱ་ཞེ་ཅཱ་གྲོང་རྡལ་ཉེ་འདབས་སུ་སྔོག་བཤེར་བྱེད་སྐབས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་བསྐྱུར་བའི་འགས་གཏོར་སྒྲིག་ཆས་དང་སྒྱོགས་མདེལ་སོགས་རྙེད་པ་དང་། དེའི་རྗེས་སུ་འགས་གཏོར་སྒྲིག་ཆས་དེ་དག་ཚང་མ་མེད་པར་བཟོས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།