ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁི་ལི་མུས་ཡཱ་དང་སེ་ཝ་སི་ཐའོ་པའོ་ཨར་གྱི་བཀག་སྡོམ་ཡུན་ཚད་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་ཉི་ཤུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཁི་ལི་མུས་ཡཱ་དང་སེ་ཝ་སི་ཐའོ་པའོ་ཨར་གྱི་བཀག་སྡོམ་ཡུན་ཚད་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་བར་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས། ཡུན་ཚད་དེའི་ནང་ཡོ་རོབ་གླིང་མནའ་འབྲེལ་གྱི་མི་སྒེར་དང་ཀུང་ཟི་ཡིས་ཁི་ལི་མུས་ཡཱ་དང་སེ་ཝ་སི་ཐའོ་པའོ་ཨར་ནས་ཐོན་པའི་ཐོན་རྫས་ཡོ་རོབ་གླིང་མནའ་འབྲེལ་དུ་ནང་འདྲེན་བྱེད་པར་ཚོད་འཛིན་བྱེད་རྒྱུ་ཡིན་པ་དང་། ཁི་ལི་མུས་ཡཱ་རུ་དངུལ་གཏོང་བྱེད་པར་བཀག་འགོག་བྱེད་རྒྱུ་ཡིན་ལ། ཁི་ལི་མུས་ཡཱ་ཀུང་ཟིར་དངོས་ཟོང་དང་ལག་རྩལ་གང་རུང་ཕྱིར་གཏོང་བྱེད་མི་རུང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པར་ཐོག་མར་ཁི་ལི་མུས་ཡཱ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་རེད། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།