ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཧྲ་ནཱ་ཧན་གྱིས་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་བར་བརྩོན་ལེན་བྱེད་རྒྱུ་མིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཚབ་མ་ཧྲ་ནཱ་ཧན་གྱིས་རྒྱལ་སྲུང་བློན་ཆེན་གྱི་ལས་འགན་ཁུར་བར་བརྩོན་ལེན་བྱེད་རྒྱུ་མིན་པས། སྐམ་དམག་གི་པུའུ་ཀྲང་ཨེ་སི་པའོ་རྒྱལ་སྲུང་བློན་ཆེན་ཚབ་མ་གསར་བར་བསྐོ་འཇོག་བྱེད་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཧྲ་ནཱ་ཧན་གྱིས་མུ་མཐུད་དུ་རྒྱལ་སྲུང་བློན་ཆེན་ཚབ་མའི་འགན་ཁུར་ཏེ་དངོས་སུ་རྒྱལ་སྲུང་བློན་ཆེན་དུ་འགྱུར་བར་བརྩོན་ལེན་མི་བྱེད་པར། སྔར་ལས་མང་བོའི་དུས་ཚོད་བཀོལ་ནས་ཁྱིམ་མི་དང་མཉམ་དུ་སྡོད་རྒྱུ་ཐག་བཅད་པ་རེད་ཟེར། ཐི་ལིང་ཕུའུ་ཡིས་ཧྲ་ནཱ་ཧན་གྱི་ཕུལ་དུ་བྱུང་བའི་བྱ་བར་བཀའ་དྲིན་ཞུས་པར་མ་ཟད། ཨེ་སི་པའོ་རྒྱལ་སྲུང་བློན་ཆེན་ཚབ་མ་གསར་བར་བསྐོ་འཇོག་བྱས། 

ཧྲ་ནཱ་ཧན་གྱིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བསྟན་དོན། ཁྱིམ་ཚང་གི་རྒྱུ་རྐྱེན་དབང་གིས་ཁོས་རྒྱལ་སྲུང་བློན་ཆེན་གྱི་ལས་འགན་བརྩོན་ལེན་ལས་རིམ་ལས་ཕྱིར་འབུད་རྒྱུ་མ་ཟད། རྒྱལ་སྲུང་བློན་ཆེན་གཞོན་པའི་ལས་འགན་བསྐྱུར་རྒྱུའི་རེ་བ་བཏོན་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།