ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལོ་ཚོགས་སྐབས་དོན་ལྔ་བ་མན་ཀུའུ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལོ་ཚོགས་སྐབས་དོན་ལྔ་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་ཐེ་གོའི་མན་ཀུའུ་ནས་སྤེལ་བ་དང་། དེའི་བརྗོད་སྙིང་ནི་མི་དམངས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། བཟོད་སྒོམ་རང་བཞིན་གྱི་ཞི་བདེ་ལ་འགན་སྲུང་བྱེད་པ་དེ་རེད། ཐེ་གོའི་ཀོང་ཇོ་ཧྲི་ལིན་ཐུང་དང་། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལག་བསྟར་དྲུང་ཡིག་ཆེན་མོ་ཨ་ལེ་སི་ཞཱ་པཱ་ནཱ་སོགས་གྲོས་ཚོགས་ལ་ཞུགས། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཀྲང་ཅོན་གྱིས་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།