ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་བདེ་འཇགས་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་གསུམ་འཛིན་བཟུང་བྱས།

    སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་བདེ་འཇགས་དམག་དཔུང་གི་དཔོན་རིགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཏིས་ཡཱ་ལཱ་ཞིང་ཆེན་དང་སཱ་ལཱ་ཧི་ཏེན་ཞིང་ཆེན་དུ་སོ་སོར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ས་དེའི་མགོ་བ་གསུམ་འཛིན་བཟུང་བྱས་པ་དང་། དྲག་ཆས་ཉེས་ཅན་གསུམ་བསད་ཟེར། 

ཏིས་ཡཱ་ལཱ་ཞིང་ཆེན་གྱི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧི་སེ་ནེ་ཡིས་གསར་འགོད་པར་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་གིས་གསང་འཕྲིན་གཞིར་བཟུང་ནས་འགུལ་སྐྱོད་སྤེལ་བ་དང་། ཏི་ཡཱ་ལཱ་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ས་དེའི་མགོ་བ་གསུམ་འཛིན་བཟུང་བྱས་པར་མ་ཟད། དེ་དག་ལ་འདྲི་གཅོད་བྱེད་པའི་བྱ་བ་མགོ་བརྩམས་ཡོད་ཟེར། 

ཧི་སེ་ནེ་ཡས་བཤད་རྒྱུར། བདེ་འཇགས་དམག་དཔུང་གི་དྲག་ཆས་གྱེན་འཕུར་གནམ་གྲུས་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཏིས་ཡཱ་ལཱའི་མཐའ་མཚམས་དང་ཉེ་བའི་རི་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དག་གི་སྦས་སྐོང་བྱེད་ས་ཞིག་གཏོར་བ་དང་། དྲག་ཆས་ཉེས་ཅན་གསུམ་བསད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།