ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སི་ཡིས་ཕྱོགས་མང་ལས་དོན་གྲོས་མོལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཀྲང་ཅོན་གྱིས་མའོ་སི་ཁི་ནས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཝེ་ཨར་ཞེ་ཉིན་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་མང་ལས་དོན་གྲོས་མོལ་སྤེལ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་མང་ཁྱབ་ཁོངས་ཀྱི་འཐབ་ཇུས་རོགས་ལས་དང་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་བྱུང་། 

ཀྲང་ཅོན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་མྱུར་བའི་རྣམ་པ་སྲུང་འཛིན་བྱས་ཡོད་པ་དང་། ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད། ང་ཚོས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱས་ཏེ། ཕྱོགས་གཉིས་ཀྱི་ཕྱོགས་མང་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལགས་ཇེ་ཟབ་ཏུ་གཏོང་དགོས་ལ། རྒྱལ་ཁབ་གཉིས་ཀྱི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོབ་གང་ལེགས་བྱས་ནས། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་དང་ཐུན་མོང་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཟེར། 

ཀྲང་ཅོན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རུ་སི་དང་མཉམ་དུ། རྩ་དོན་རྒྱུན་འཁྱོངས་དང་འཐབ་རྩོད་བྱེད་ཕོད་པའི་རྣམ་འགྱུར་གྱིས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་གང་ལེགས་བྱེད་པ་དང་། རང་དབང་སྒོ་འབྱེད་ཀྱི་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་སྙིང་བོར་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་སྤྱིའི་འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། 

ཝེ་ཨར་ཞེ་ཉིན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་ཕྱོགས་གཅིག་རིང་ལུགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་དང་འགལ་ཡོད་པས་དང་ལེན་བྱེད་ཐབས་མེད་པར་འདོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་རིམ་པ་སོ་སོའི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གོ་གནས་ལ་སྲུང་སྐྱོབ་སྒོས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།