ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་བྱ་འགུལ་གྱི་ཚོད་འཛིན་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིསི་ཚེས་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་བྱ་འགུལ་གྱི་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ། དབྱི་ལིང་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་ཡོད་པར་གཏན་འགོག་བྱེད་རྒྱུ་ཡིན་ཟེར། 

ཕིན་ཕའེ་ཨོ་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གསལ་སྒྲོག་སྤེལ་ཏེ། ཟླ་ལྔ་བའི་ཚེས་བཞི་ཉིན་ནས་བཟུང་དབྱི་ལིང་གི་པུའུ་ཧྲི་ཨར་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱིས་ད་ཡོད་ཀྱི་ཉིང་རྡུལ་སྒྲིག་ཆས་ཀྱི་རྨང་གཞིའི་སྟེང་རྒྱ་བསྐྱེད་བྱེད་པར་རོགས་རམ་བྱེད་པའི་བྱ་སྤྱོད་དང་འདུས་ཚད་མཐོ་བའི་ཉིང་རྡུལ་ཕྱིར་བཏང་ནས་དབྱི་ལིང་གི་རང་བྱུང་ཉིང་རྡུལ་དུ་བསྒྱུར་བར་རོགས་རམ་བྱེད་པའི་བྱ་སྤྱོད་གང་རུང་ཡོད་ན། ཨ་མེ་རི་ཁའི་བཀག་སྡོམ་ཐོབ་ངེས་ཡིན་ཟེར། 

ཕིན་ཕའེ་ཨོ་ཡིས་ད་རུང་བསྟན་དོན། དབྱི་ལིང་གིས་ངེས་པར་དུ་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་གཏོང་བར་འབྲེལ་བའི་བྱ་འགུལ་གང་རུང་མཚམས་འཇོག་དགོས་པ་དང་། ཨ་མེ་རི་ཁས་དབྱི་ལིང་གིས་ད་ལྟའི་གསོག་ཚད་ལས་བརྒལ་བའི་ཉིང་རྡུལ་ནུས་པ་གསོག་ཉར་བྱེད་དུ་འཇུག་མི་རུང་ཟེར། 

གསལ་སྒྲོག་ལས་ད་རུང་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་གིས་སྔར་ཡོད་ཀྱི་ཉིང་རྡུལ་ནུས་པའི་མཚོན་ཆའི་འཆར་འགོད་སླར་གསོ་བྱེད་པའི་ལས་གཞི་མུ་མཐུད་དུ་སྤེལ་བར་ཆོག་མཆན་འགོད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།