ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ཉེར་དྲུག་ཉིན་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཨ་ལོས་ཡཱ་སཱ་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཨ་ལོས་ཡཱ་སཱ་ཡིས་བཀག་སྡོམ་ནི་ཨ་མེ་རི་ཁའི་རེ་ཆད་ཀྱི་རྒོལ་ལན་ཡིན་ཟེར། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་མུ་མཐུད་དུ་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡི་ཉེ་འཁོར་གྱི་མི་ལ་ཆམ་ཕབ་གཏོང་རྒྱུ་ཡིན་པ་དང་། དེའི་ནང་མཱ་ཏུའུ་ལོ་སྲིད་གཞུང་གི་ཕྱི་འབྲེལ་དབང་ཆའི་འགན་ཁུར་བའི་མི་སྣའང་འདུས་ཟེར། 

འབྲེལ་ཡོད་གཏན་འཁེལ་ལྟར་ན། བཀག་སྡོམ་ཐེབས་མཁན་གྱི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་ཉར་བྱེད་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེའི་བར་ཉོ་ཚོང་བྱེད་མི་རུང་བ་རེད། 

ཨ་ལོས་ཡཱ་སཱ་ཡིས་སྒེར་གྱི་དྲ་ངོས་ནས་བསྟན་དོན། རང་ཉིད་ཀྱིས་ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ནས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་ཕྱོགས་ལ་བཀག་སྡོམ་བྱས་པ་ནི་ནག་ཉེས་བྱ་སྤྱོད་ཅིག་ཡིན་པར་རྒོལ་གཏམ་བཏང་མྱོང་བས། ཨ་མེ་རི་ཁའི་སྲིད་གཞུང་གིས་བཀག་སྡོམ་བྱེད་ཐབས་སྤྱད་པ་ནི་རེ་ཆད་ཀྱི་རྒོལ་ལན་ཡིན་ཟེར། ཁོས་བཤད་རྒྱུར། དེ་ལས་ང་ཚོ་བགྲོད་པའི་ལམ་ཡང་དག་ཡིན་པ་དང་། ང་ཚོས་མུ་མཐུད་དུ་འཐབ་རྩོད་བྱེད་པར་སྔར་ལས་ལྷག་པའི་སྟོབས་ཤུགས་བསྩལ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།