ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་གི་མཐོ་རིམ་བློ་འདོན་པས་སྨྱུང་གནས་ཟླ་བའི་རྗེས་སུ་དབུས་ཤར་གྱི་ཞི་བདེའི་འཆར་གཞི་འདོན་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་གི་མཐོ་རིམ་བློ་འདོན་པ་ཁུའུ་ཧྲི་ནཱ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་མུའུ་སི་ལིན་གྱི་སྨྱུང་གནས་ཟླ་བའི་རྗེས་སུ་དངོས་སུ་དབུས་ཤར་གྱི་ཞི་བདེའི་འཆར་གཞི་འདོན་རྒྱུ་ཡིན་ཟེར།

ཁུའུ་ཧྲི་ནཱ་ཡིས་ཉིན་དེར་ཉིག་ཡོ་ནས་སྤེལ་བའི་བྱ་འགུལ་ཞིག་གི་ནང་བཤད་རྒྱུར། འཆར་གཞི་དེ་ན་ནིང་ལོ་མཇུག་ནས་བཟུང་གྲ་སྒྲིག་བྱས་ཡོད་ཀྱང་། དབྱི་སི་རལ་གྱི་འདེམ་བསྐོ་ཆེན་མོའི་དབང་གིས་དུས་ལྟར་ཁྱབ་སྒྲོག་བྱེད་མ་ཐུབ་པ་རེད་ཟེར། ཁོས་བཤད་རྒྱུར། ཞིབ་ཆ་ལྡན་པའི་འཆར་གཞི་དེས་དབུས་ཤར་གྱི་ཞི་བདེའི་ཐད་རེ་འདུན་བཏོན་ཡོད་པ་དང་། ཟླ་དྲུག་པའི་ཟླ་མགོར་མུའུ་སི་ལིན་གྱི་སྨྱུང་གྲོལ་ཟླ་བའི་རྗེས་སུ་དངོས་སུ་འདོན་རྒྱུ་ཡིན་ཟེར།

ཁུའུ་ཧྲི་ནཱ་ཡིས་བཤད་རྒྱུར། འཆར་གཞི་དེ་ལས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་རང་རང་ས་ནས་མཐུན་སྦྱོར་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར་ཡང་། ཁོས་འཆར་གཞི་དེ་ལས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལག་བསྟར་བྱེད་མིན་ཐད་ནས་བསམ་འཆར་ཅི་ཡང་བཏོན་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།