ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པ་ལའི་རྒྱལ་སྤྱིའི་ཉོ་ཚོང་དངོས་མང་སྟོན་ཚོགས་ཐོག་ཀྲུང་གོའི་ཚོང་ཟོག་བྲིན་ཁ་རྒྱུག་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3ཚེས31ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། དུས་ཡུན་ཉིན་5ཡི་སྐབས་བརྒྱད་པའི་ནེ་པ་ལའི་རྒྱལ་སྤྱིའི་ཉོ་ཚོང་དངོས་མང་སྟོན་ཚོགས་འགོ་ཚུགས་ཤིང་། ས་གནས་ས་ཐོག་ཏུ་གློག་ཤུགས་སྒྲིག་ཆས་དང་། ཞིང་ལས་ཐོན་ཟོག འཁལ་འཐག་ཐོན་རྫས། ཉེར་མཁོའི་འཛད་སྤྱོད་དངོས་རྫས་སོགས་ཀྲུང་གོའི་ཚོང་ཟོག་འགྲེམས་ཚོགས་ཐོག་བྲིན་ཁ་རྒྱུག་པོ་ཡོད་པ་རེད།ཀྲུང་གོ་ཚོང་དོན་པུའུ་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧན་ཧྲེང་ཅན་གྱིས་སྐབས་གོང་མ་དང་འདྲ་བར། ཀྲུང་གོ་ཚོང་དོན་པུས་འགྲེམས་སྟོན་ནང་གི་འགྲེམས་སྟོན་བྱེད་སྟངས་སྤྱད་ནས་ད་ཐེངས་ཀྱི2019ལོའི་ཀྲུང་གོའི(ནེ་པ་ལ)ཚོང་ཟོག་འགྲེམས་སྟོན་ཚོང་འདུས་གཉེར་བ་དང་། ཀན་སུའུ་དང་། བོད་ལྗོངས། ཧྥུའུ་ཅན། ཧྲན་ཏུང་། ཀྲེ་ཅང་། ཐེན་ཅིན་སོགས་ཀྱི་ཁེ་ལས96འགྲེམས་སྟོན་ནང་ཞུགས་པ་དང་ཁྱོན་མི200ཙམ་ཡོད་ཅེས་ངོ་སྤྲོད་བྱས།ཚེས་29ཉིན། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོའུ་ཡན་ཆིས་འགྲེམས་སྟོན་འཚོག་ཡུལ་དུ་བསྐྱོད་ནས་ཀྲུང་གོའི་འགྲེམས་ཞུགས་ཚོང་པར་ནེ་པ་ལར་འཕེལ་རྒྱས་ཀྱི་མདུན་ལམ་ཆེ་བའི་གོ་སྐབས་བཟང་པོ་དམ་འཛིན་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད།ངོ་སྤྲོད་བྱས་པར་གཞིགས་ན། ནེ་པ་ལ་རྒྱལ་སྤྱིའི་ཉོ་ཚོང་དངོས་མང་སྟོན་ཚོགས་ནི་ཀྲུང་གོའི་ཁེ་ལས་ཀྱིས་ནེ་པ་ལ་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱབ་ཁབ་ཀྱི་ཁྲོམ་ར་གཏོད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་སུ་ནེ་པ་ལ་དང་། རྒྱ་གར། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་ཚོང་འགྲུལ་ཁྲི་ཙམ་དེར་ཉོ་སྒྲུབ་དང་ངོ་འཕྲད་གྲོས་མོལ་བྱེད་པར་ཡོང་རྒྱུ་རེད།    

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།