ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥའུ་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥའུ་ཡིས་ཚེས་ཉེར་ལྔ་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཀྲ་ལི་ཧྥའུ་ཡིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་དྲ་ཚིགས་བརྒྱུད་དེ་གནས་ཚུལ་དེ་སྤེལ་བ་རེད། ཁོས་བཤད་རྒྱུར། རླབས་ཆེ་ཞིང་བློ་སྤོབས་ལྡན་པའི་དབྱི་ལིང་མི་དམངས་དང་དབྱི་ལིང་སྲིད་གཞུང་གིས་འདས་པའི་ཟླ་ངོ་རེ་བདུན་རིང་རྒྱབ་སྐྱོར་ཚད་མེད་བྱས་པར་བཀའ་དྲིན་ཞུས་པ་ཡིན། ངས་ལྷག་བསམ་རྣམ་དག་གིས་རང་ཉིད་ཀྱིས་མུ་མཐུད་དུ་མི་དམངས་ལ་ཞབས་འདེགས་ཞུ་མ་ཐུབ་པ་དང་། ལས་འགན་ཁུར་བའི་སྐབས་ཀྱི་མི་འདང་ས་ཡོད་ཚད་ལ་དགོངས་དག་ཞུས་པ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།