ཀྲུང་གོ་བོད་ཀྱི་དྲ་བ།

ཐན་ཙན་ནི་ཡཱ་ནས་འགྲུལ་སྐྱེལ་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐན་ཙན་ནི་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་སུང་ཀོས་ས་ཁུལ་དུ་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར། 

ཐན་ཙན་ནི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་དེའི་དགོང་མོའི་དུས་ཚོད་དགུ་ཡས་མས་སུ། འགྲུལ་སྐྱེལ་རླངས་འཁོར་ཞིག་མཐའ་མཚམས་ཀྱི་ཐུང་ཏུའུ་མཱ་གྲོང་ཁྱེར་དུ་བགྲོད་པའི་ལམ་བར་ནས། དངོས་སྐྱེལ་རླངས་འཁོར་ཆེ་བ་ཞིག་དང་ཐོ་བརྒྱབ་པ་རེད། ཡུལ་དངོས་ཀྱི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་དངོས་སྐྱེལ་རླངས་འཁོར་དེའི་འགག་ཟྭར་སྐྱོན་བྱུང་བའི་སྣང་ཚུལ་ཡོད་ཟེར། 

སུང་ཀོས་ས་ཁུལ་གྱི་དབུ་བཞུགས་སྨན་བཅོས་དཔོན་པོ་ཁཱ་ཀི་ཝ་ཡིས་བཤད་རྒྱུར། དོན་རྐྱེན་དེ་ལས་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་རྨས་མ་གཉིས་སྨན་ཁང་དུ་བསྐྱལ་རྗེས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་ཟེར། 

ཐན་ཙན་ནི་ཡཱའི་ཙུང་ཐུང་མཱ་ཀུའུ་ཧྥུའུ་ལི་ཡིས་གསལ་སྒྲོག་སྤེལ་ཏེ། འགྲིམ་འགྲུལ་དོན་རྐྱེན་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།