ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ལྐོག་འཚོང་གི་གྱོད་དོན་ཆེན་མོ་ཞིག་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲུ་ལི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་ཁྱབ་སྒྲོག་བྱས་པའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། སྐྱེས་པ་བཞི་ཡིས་ཨོ་སི་ཁྲུ་ལི་ཡཱ་རུ་དུག་རྫས་སྤྱི་རྒྱ་བརྒྱ་དང་ང་བཞི་ལྐོག་འཚོང་བྱས་པར་སྐྱོན་འཛུགས་ཐེབས་ཡོད། དེ་ནི་ཨོ་སི་ཁྲུ་ལི་ཡཱ་ནས་ཉེ་བའི་ལོ་བཅུའི་རིང་རྩད་ཆོད་པའི་དུག་རྫས་ལྐོག་འཚོང་གི་གྱོད་དོན་ཆེན་པོ་ཞིག་རེད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱའི་མཐའ་སྲུང་དམག་དཔུང་གིས་ཉེ་སྔོན་མཱ་ལེ་ཞི་ཡཱ་ནས་ཞི་ནེ་རུ་མཁའ་འགྲུལ་སྐྱེལ་འདྲེན་བྱས་ཡོང་བའི་ཤིང་སྒམ་བཞི་ལ་ཞིབ་བཤེར་བྱེད་སྐབས། ཤིང་བཟོས་ལག་རྩལ་ཐོན་རྫས་བཅུག་ཡོད་པའི་ཤིང་སྒམ་གསུམ་གྱི་ཞབས་ངོས་ནས་སྤྱི་རྒྱ་བརྒྱ་དང་ང་བཞི་ཡོད་པའི་དུག་རྫས་རྙེད་ཟེར། 
ཨོ་སི་ཁྲུ་ལི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཤིང་སྒམ་དེའི་འབྱོར་ཡུལ་གཞིར་བཟུང་ནས། དུག་རྫས་འགྲེམ་འཚོང་བྱེད་པའི་ན་གཞོན་སྐྱེས་པ་བཞི་འཛིན་བཟུང་བྱས་པ་དང་། ཚེས་ཉེར་བཞིའི་ཉིན་ཞི་ནེའི་པའོ་ཝུའུ་ཏི་ས་ཁུལ་གྱི་དུག་རྫས་ལྐོག་འཚོང་སྡེ་ཁག་གི་སྦས་སྐོང་བྱེད་སར་གློ་བུར་དུ་ཞིབ་བཤེར་བྱས་ཏེ། བསྡོམས་པས་དུག་རྫས་སྤྱི་རྒྱ་བདུན་དང་གྲངས་ཆུང་ལྔ་དང་། ཨོ་སི་ཁྲུ་ལི་ཡཱའི་སྒོར་མོ་འབུམ་གཉིས་ལྷག དུག་རྫས་ལས་སྣོན་གྱི་སྒྲིག་ཆས་སོགས་ཡོ་བྱད་རྩད་ཆོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།