ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་དོགས་ཡོད་ཉེས་ཅན་ཉེར་གསུམ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་དབྱི་སི་ཐན་པོར་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁུའུ་ཨར་ཏི་བཟོ་བའི་ཏང་ལ་འབྲེལ་བ་ཡོད་པ་དང་། འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་པའི་དོགས་ཡོད་ཉེས་ཅན་ཉེར་གསུམ་འཛིན་བཟུང་བྱས་ཟེར། 

ཐུགར་ཁེའི་ས་དེའི་བརྙན་འཕྲིན་ཁང་ཞིག་གིས་བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཚན་ཆུང་གིས་ཉིན་དེར་གྲོང་ཁྱེར་དེའི་ས་གནས་ཉེར་བརྒྱད་ནས་དུས་མཉམ་དུ་འཛིན་བཟུང་འགུལ་སྐྱོད་སྤེལ། དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་པ་ལས་གཞན། ཁུའུ་ཨར་ཏི་བཟོ་བའི་ཏང་དང་འབྲེལ་བ་ཡོད་པའི་གློག་རྡུལ་རྒྱུ་ཆ་དང་ཡིག་ཆ་མང་བོ་གཞུང་བཞེས་བྱས། 

བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་བའི་ཉིན་དེར། ཁུའུ་ཨར་ཏི་བཟོ་བའི་ཏང་བཙུགས་པའི་རྗེས་དྲན་ཉིན་མོ་ཡིན་པ་རེད། གོང་གི་འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་དེ་དག་གིས་ཉིན་དེར་འབར་སྣུམ་དམ་བེ་དང་རང་བཟོས་ཀྱི་འགད་རྫས་སྒྲིག་ཆས་བཀོལ་ནས་དབྱི་སི་ཐན་པོར་དུ་འཇབ་རྒོལ་བྱེད་རྩིས་ཡོད་པ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།