ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་དམག་དཔུང་གིས་མཱ་ལི་ནས་འཇིགས་སྐུལ་ཉེས་ཅན་སུམ་ཅུ་ལྷག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་ལེ་ཁུའུ་ཨན་ཐི་ཡིས་ཚེས་ཉེར་གསུམ་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཟླ་གསར་དབྱིབས་ཀྱི་བྱེ་མའི་འགུལ་སྐྱོད་ལག་བསྟར་བྱེད་པའི་ཧྥ་རན་སིའི་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་མཱ་ལིའི་དབུས་ཕྱོགས་ཀྱི་མའོ་ཕུའུ་ཐིས་ས་ཁུལ་ཆེན་མོ་ནས་འཇིགས་སྐུལ་རྩ་འཛུགས་ཤིག་ལ་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ་ནས། བསྡོམས་པས་འཇིགས་སྐུལ་ཉེས་ཅན་སུམ་ཅུ་ལྷག་བསད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཧྥ་རན་སིའི་དམག་དཔུང་གིས་ཐེངས་འདིར་ཆམ་ཕབ་གཏོང་བའི་ཐད་འཇིགས་སྐུལ་རྩ་འཛུགས་དེའི་མགོ་བ་གཙོ་བོ་ཁུའུ་ཧྥ་བསད་པ་རེད། 
ལེ་ཁུའུ་ཨན་ཐི་ཡིས་སྤྱི་སྒྲོག་ནང་བསྟན་དོན། ཧྥ་རན་སིའི་དམག་དཔུང་དང་མཱ་ལིའི་སྲིད་གཞུང་དམག་དཔུང་། སཱ་ཧི་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་ཀྱི་མཉམ་འབྲེལ་དམག་དཔུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པ་སོགས་ཕྱོགས་སོ་སོས་མཉམ་དུ་མཱ་ལི་དང་སཱ་ཧི་ལེ་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་དམག་དོན་འགུལ་སྐྱོད་ནི་ཧྥ་རན་སིའི་དམག་དཔུང་གིས་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོ་བྱེད་པའི་ཐད་ནས་བླངས་པའི་རྒྱལ་ཁ་ཞིག་རེད་ཟེར།


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།