ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་ཤར་ལྷོའི་ཕྱོགས་ཀྱི་ཧྥ་རན་སིས་མ་དངུལ་བཏང་བའི་ཁེ་ལས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲིར་བདེ་འཇགས་སྡེ་ཁག་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ནེ་ཀྲིར་ཤར་ལྷོའི་ཕྱོགས་ཀྱི་ཏིས་ཧྥ་ཞིང་ཆེན་གྱི་ཧྥ་རན་སིས་མ་དངུལ་བཏང་བའི་ཁེ་ལས་ཤིག་ལ་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག་ཟེར། 

བདེ་འཇགས་སྡེ་ཁག་གིས་བསྒྲགས་པ་ལྟར་ན། འཇབ་རྒོལ་ཐེབས་པ་དེ་ནི་ཏིས་ཧྥ་ཞིང་ཆེན་གྱི་ཐུའུ་མུའུ་ཨར་ས་ཁུལ་དུ་ཡོད་པའི་ཧྥ་རན་སིས་མ་དངུལ་བཏང་བའི་གཏེར་འདོན་ཁེ་ལས་ཤིག་ཡིན་པ་རེད། འདས་པོའི་གྲས་སུ་ཧྥ་རན་སིའི་མི་མེད་པ་དང་། རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 
ཏིས་ཧྥ་ཞིང་ཆེན་དེ་ནེ་ཀྲིར་དང་ནེ་ཀྲི་རི་ཡཱའི་འབྲེལ་མཚམས་ས་ཁུལ་དུ་ཡོད་པ་དང་། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་ས་ཁུལ་དེ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་དུ་བཟོས་ཏེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།