ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཡིས་རྒྱ་གར་གྱི་ཙུང་ཐུང་ལ་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་མའོ་ལི་སིན་གྱིས་ཚེས་ཉེར་གཉིས་ཉིན་ཞེ་ནེ་ནས་རྒྱ་གར་གྱི་ཙུང་ཐུང་ཁི་ཝུན་ཏི་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་འབྲེལ་བ་ལེགས་བཅོས་བྱེད་པའི་གནད་དོན་ལ་མཉམ་དུ་གྲོས་བསྡུར་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། ཨོ་སི་ཁྲུ་ལི་ཡཱའི་ཕྱི་འབྲེལ་བློན་ཆེན་ཕའེ་ཨིན་དང་རྒྱ་གར་ཕྱོགས་ཀྱི་རྩལ་ནུས་འཕེལ་རྒྱས་དང་ལས་སྐྲུན་ལས་དོན་གྱི་པུའུ་ཀྲང་ཧི་ཀི་ཏི་གཉིས་ཀྱི་འགྲོ་རོགས་འོག མའོ་ལི་སིན་དང་ཁི་ཝུན་ཏི་གཉིས་ཀྱིས་སློབ་གསོ་དང་ཉོ་ཚོང་དངུལ་གཏོང་། ཚན་རིག་མཉམ་ལས་སོགས་ཁྱབ་ཁོངས་གལ་འགའ་ནས་བརྗེ་རེས་བྱས་པ་དང་། ཕན་ཚུན་གྱི་དངུལ་གཏོང་ལ་ཡར་སྐུལ་གཏོང་ཆེད། བཟོད་སྒོམ་བརྗེད་ཐོ་ལྔ་བཀོད། 
དོན་དེའི་ཐད་ནས་ཨོ་སི་ཁྲུ་ལི་ཡཱ་རུ་སྡོད་པའི་རྒྱ་གར་གྱི་མཐོ་རིམ་དཔོན་པོ་ཀུང་ཏཱ་ཡིས་བསྟན་དོན། ཁི་ཝུན་ཏིའི་འཚམས་འདྲི་ལས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་བ་གཙོ་བོར་བཟུང་ཡོད་པ་དང་། ཐེངས་འདིའི་འཚམས་འདྲི་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་ཐུབ་ཟེར། 
དེ་ལས་གཞན་ཁི་ཝུན་ཏི་ཡིས་ད་རུང་ཨོ་སི་ཁྲུ་ལི་ཡཱའི་ཙུང་ཏུའུ་ཁའོ་སི་ཀི་ལུའུ་ཧྥུའུ་ལ་ཐུག་འཕྲད་བྱས་པ་དང་། ཙུང་ཏུའུ་ཡིས་རྒྱ་གར་གྱི་འཐུས་ཚབ་ཚོགས་པར་སྤྲོ་སེམས་འཁོལ་བའི་སྣེ་ལེན་བྱས་པར་བཀའ་དྲིན་ཞུས། 
དེ་མིན་ཁི་ཝུན་ཏི་ཡིས་ཨོ་སི་ཁྲུ་ལི་ཡཱ་རུ་འཚམས་འདྲི་བྱེད་སྐབས། རྒྱ་གར་གྱི་ཚན་རྩལ་ཀུང་ཟི་གཙོ་བོས་ཉིས་སྟོང་ཉི་ཤུ་ལོའི་བར་མིག་སྔའི་ཨོ་སི་ཁྲུ་ལི་ཡཱའི་ལས་བཟོ་བ་བཞི་སྟོང་ལྔ་བརྒྱའི་རྨང་གཞིའི་སྟེང་ཡང་བསྐྱར་བྱ་བའི་ལས་གནས་ཆིག་སྟོང་ཉིས་བརྒྱ་ཁ་སྣོན་བྱེད་པ་དང་། གསར་གཏོད་ལྟེ་གནས་གསུམ་གསར་སྤེལ་བྱེད་རྒྱུ་མ་ཟད། ཨོ་སི་ཁྲུ་ལི་ཡཱའི་སློབ་ཆེན་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས། 
རྒྱུས་ལོན་བྱུང་བ་ལྟར་ན། ཀུང་ཟི་དེའི་སྐུ་མགྲོན་ལ་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་། ཨོ་སི་ཁྲུ་ལི་ཡཱའི་གློག་འཕྲིན། ཧི་ཞི་ཐེ་དངུལ་ཁང་སོགས་འདུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།