ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་བྱང་ཕྱོགས་པང་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་བྱང་ཕྱོགས་པང་ནས་ཚེས་ཉེར་གཅིག་ཉིན་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་དང་། མིག་སྔའི་བར་མི་དགུ་རྐྱེན་ལམ་དུ་ཤོར། དེའི་ནང་བྱིས་པ་ལྔ་འདུས་ཡོད་ལ། གཞན་ཡང་མི་ལྔའི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་བྱང་ཕྱོགས་པང་གི་ལེ་ལེ་ཏི་པུའུ་ཨར་ས་ཁུལ་ནས་བྱུང་བ་དང་། རླངས་འཁོར་ཆུང་བ་ཞིག་ལམ་དུ་བགྲོད་སྐབས་དངོས་སྐྱེལ་རླངས་འཁོར་ཞིག་དང་ཐོ་བརྒྱབ་པ་རེད། ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། སྨུག་འཐིབས་ནས་རྒྱང་མི་མཐོང་བ་ནི་ཐེངས་འདིའི་དོན་རྐྱེན་གྱི་འབྱུང་རྐྱེན་གཙོ་བོ་རེད་ཟེར། 
དོན་རྐྱེན་བྱུང་རྗེས། ཉེ་འདབས་ཀྱི་སྡོད་དམངས་དག་གིས་མྱུར་མོར་སྙན་ཞུ་བྱས་ཏེ་རྒུད་སྐྱོབ་བྱ་བ་སྤེལ། མིག་སྔར་རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།