ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱ་ཡིས་གནས་སྤོར་སྡོད་དམངས་གནད་དོན་གྱི་འཛམ་གླིང་ཧྲིལ་བོའི་ཆིངས་ཡིག་ལ་ཆོག་མཆན་འགོད་མི་སྲིད་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱེད་པའི་གནས་སྤོར་སྡོད་དམངས་གནད་དོན་གྱི་འཛམ་གླིང་ཡོངས་ཀྱི་ཆིངས་ཡིག་ལ་ཆོག་མཆན་འགོད་མི་སྲིད་ཟེར། 

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་མའོ་ལི་སིན་དང་ནང་སྲིད་པུའུ་ཀྲང་ཏཱ་ཏོན། ཕྱི་འབྲེལ་པུའུ་ཀྲང་ཕའེ་ཨིན་བཅས་ཀྱིས་ཉིན་དེར་མཉམ་འབྲེལ་གསལ་སྒྲོག་སྤེལ། གསལ་སྒྲོག་ལས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱ་ཡིས་བལྟས་ན་ཆིངས་ཡིག་དེ་ཨོ་སི་ཁྲུ་ལི་ཡཱའི་ད་ཡོད་ཀྱི་གནས་སྤོར་སྡོད་དམངས་སྲིད་ཇུས་དང་འགལ་ཡོད་ལ། ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་འཚམ་པར་འདོད། 
ཨོ་སི་ཁྲུ་ལི་ཡཱ་ཡིས་བལྟས་ན་ཆིངས་ཡིག་དེར་ཆོག་མཆན་བཀོད་ན་མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ང་ཚོའི་མིག་སྔར་ལེགས་འགྲུབ་བྱུང་བའི་གནས་སྤོར་སྡོད་དམངས་ཀྱི་ལས་གཞིར་དོ་དམ་བྱེད་པར་རོགས་རམ་ཅི་ཡང་ཐོབ་མི་སྲིད་པར་འདོད་པས། ང་ཚོས་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་དུ་ཆིངས་ཡིག་དེར་ཆོག་མཆན་འགོད་མི་སྲིད་པར་ཐག་བཅད་པ་ཡིན་ཟེར། 

མིག་སྔར་ཨོ་སི་ཁྲུ་ལི་ཡཱ་ཡིས་གྲུ་གཟིངས་ལ་བསྡད་དེ་ཁྲིམས་འགལ་གྱིས་ཨོ་སི་ཁྲུ་ལི་ཡཱ་རུ་ཡོང་བའི་གནས་སྤོར་སྡོད་དམངས་དང་ཡུལ་གྱར་བར་ཅུང་གཟབ་ནན་གྱི་བཀོད་སྒྲིག་སྲིད་ཇུས་ལག་བསྟར་བྱེད་རྩིས་ཡོད། མི་དེ་དག་བཀག་རྗེས་ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་གཉིས་སུ་བསྐྱལ་རྒྱུ་ཡིན་པ་དང་། གསལ་འབྱེད་བྱས་རྗེས་རྒྱལ་ཁབ་གཞན་པར་བཀོད་སྒྲིག་བྱེད་པའམ་ཡང་ན་ཕྱིར་རང་གི་རྒྱལ་ཁབ་ཏུ་བསྐྱལ་རྒྱུ་རེད། ཡིན་ཡང་ཨོ་སི་ཁྲུ་ལི་ཡཱ་རུ་ཡོང་ནས་གཏན་སྡོད་བྱེད་པར་ཆོག་མཆན་འགོད་མི་སྲིད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།