ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ཤར་ཕྱོགས་ས་ཁུལ་ནས་ཐཱ་ལེ་པན་དྲག་ཆས་མི་སྣ་སོ་གཅིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཅཱ་ཙི་ནེ་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་གསར་འགྱུར་ལས་རིགས་ལ་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཞིང་ཆེན་དེ་ནས་ཐཱ་ལེ་པན་རྩ་འཛུགས་ཀྱི་དམིགས་འབེན་ལ་དམིགས་པའི་གཙང་ཕྱགས་བྱ་འགུལ་སྤེལ། འདས་པའི་དུས་ཚོད་ཉེར་བཞིའི་ནང་བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་སོ་གཅིག་བསད་ཡོད་ཟེར། 

ཅཱ་ཙི་ནེ་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ནོའུ་ལི་ཡིས་བསྟན་དོན། ཐེངས་འདིའི་གཙང་ཕྱགས་འགུལ་སྐྱོད་དེ་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་གྱི་ནམ་གུང་ནས་སྤེལ་མགོ་བརྩམས་པ་དང་། ས་གནས་ནི་ཞིང་ཆེན་དེའི་ཁཱ་ལཱ་པཱ་ཀི་ས་ཁུལ་ཡིན། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་འགུལ་སྐྱོད་སྤེལ་སྐབས་རྒྱལ་ཁབ་རང་གི་མཁའ་དམག་དང་གཞོགས་འདེགས་དམ་པོ་བྱས། ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་དེ་དག་གི་ཁྲོད་དུ་ཉུང་མཐར་ཡང་རྩ་འཛུགས་དེའི་ས་གནས་མཐོ་རིམ་བཀོད་འདོམ་དཔོན་པོ་གཅིག་ཡོད་ཟེར། ནོའུ་ལི་ཡིས་བཤད་རྒྱུར། གཙང་ཕྱགས་འགུལ་སྐྱོད་དེ་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།

ཐཱ་ལེ་པན་ཕྱོགས་ཀྱིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ཅཱ་ཙི་ནེ་ཞིང་ཆེན་ནས་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱུང་བ་བདེན་དཔང་བྱས་ཀྱང་ཕྱོགས་གཉིས་ཀྱི་ཤི་རྨས་གནས་ཚུལ་གསལ་བོར་བསྒྲགས་མེད། 

གནས་ཚུལ་ཤེས་མཁན་གྱིས་བསྟན་དོན། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ད་ལོའི་ཚུན་ལ་ཁཱ་ལཱ་པཱ་ཀི་ས་ཁུལ་ནས་ཐཱ་ལེ་པན་དྲག་ཆས་པའི་བར་འཁྲུག་རྩོད་ཐེངས་མང་བྱས། མིག་སྔར་ཐཱ་ལེ་པན་དྲག་ཆས་པས་ས་ཁུལ་དེར་ཚོད་འཛིན་བྱེད་ཀྱིན་མེད་ཀྱང་། ས་ངོས་ཀྱི་བདེ་འཇགས་འཇིགས་ཉེན་ད་རུང་ཐག་གཅོད་བྱས་མེད། ཐཱ་ལེ་པན་དྲག་ཆས་པས་སྔོན་ཆད་ས་དེའི་ཚོང་ཁང་དང་སློབ་གྲྭའི་སྒོ་བརྒྱག་དགོས་པའི་རེ་བ་བཏོན་པ་དང་། ས་ཁུལ་དེའི་དམིགས་འབེན་གཙོ་བོར་དཔུང་འཇུག་བྱེད་རྒྱུའི་འཇིགས་སྐུལ་བྱས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།