ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ཐཱ་ལེ་པན་དམིགས་འབེན་ལ་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ཉེ་སྔོན་རྒྱལ་ཡོངས་ཀྱི་ཞིང་ཆེན་རེ་འགའ་ནས་ས་དེའི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱི་དམིགས་འབེན་ལ་དམིགས་པའི་དམག་དོན་ཆམ་ཕབ་འགུལ་སྐྱོད་སྤེལ་ཏེ། ཉུང་མཐར་ཡང་ཐཱ་ལེ་པན་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཞེ་ལྔ་བསད། 

གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་རྒྱལ་དམངས་དམག་དཔུང་གིས་ཉེ་སྔོན་ཁན་ཏཱ་ཧཱ་དང་ཁོན་ཏུའུ་ཧྲི། ཅཱ་ཙི་ནེ། ཧི་ཨར་མན་ཏི་སོགས་ཞིང་ཆེན་དགུ་ནས་ས་དེའི་ཉེན་རྟོག་སྡེ་ཁག་དང་གཞོགས་འདེགས་དམ་པོ་བྱས་ཏེ། ཐཱ་ལེ་པན་གྱི་དམིགས་འབེན་ལ་དམིགས་པའི་གཙང་ཕྱགས་འགུལ་སྐྱོད་ཐེངས་བདུན་སྤེལ་བ་དང་། དམིགས་བསལ་དམག་དཔུང་གི་འགུལ་སྐྱོད་ཐེངས་བརྒྱ་དང་བརྒྱད་སྤེལ། བར་སྣང་ཆམ་ཕབ་འགུལ་སྐྱོད་ཐེངས་དགུ་སྤེལ་ཏེ། དྲག་ཆས་མི་སྣར་ཤི་རྨས་བཟོས་པར་མ་ཟད། མེ་ཤུགས་འཕུར་མདའ་དང་འ་འོག་འགད་རྫས་སོགས་འདུས་པའི་དམག་ཆས་མང་བོ་གཞུང་བཞེས་བྱས་ཡོད་ལ། རྩ་འཛུགས་དེའི་སྦས་སྐོང་བྱེད་ས་འགའ་བདེ་བླག་ངང་གཏོར་བཤིག་བཏང་། བསྒྲགས་པའི་གནས་ཚུལ་ལས་དམག་ཕྱོགས་ཀྱི་ཤི་རྨས་ཐེབས་པའི་གནས་ཚུལ་བསྒྲགས་མེད། 

མིག་སྔར་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་གོང་གི་དམག་དོན་འགུལ་སྐྱོད་དེར་དཔྱད་འཇོག་ཅི་ཡང་སྤེལ་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།