ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཞི་པེ་ནེ་ཞིང་ཆེན་ནས་ཉུང་མཐར་ཡང་དྲག་ཆས་ཉེས་ཅན་ང་གཉིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉེ་སྔོན་ཞི་པེ་ནེ་ཞིང་ཆེན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་ང་གཉིས་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་ང་གཉིས་བསད་པ་དང་། མེ་མདའ་དང་མདེལ། ལག་འབོམ། སྐུད་མེད་འཕྲིན་གཏོང་སྒྲིག་ཆས་སོགས་མང་བོ་གཞུང་བཞེས་བྱས་པར་མ་ཟད། རླངས་འཁོར་ཉེར་དྲུག་དང་འཕྲུལ་རྟ་ང་གཉིས་མེད་པར་བཏང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཉེ་སྔོན་ཨེ་ཅིབ་ནུབ་ཕྱོགས་ཀྱི་ལི་པུ་ཡཱ་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་དུ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉས་ཅན་གྱིས་ཨེ་ཅིབ་ནུབ་ཕྱོགས་བྱེ་ཁུལ་དུ་འགྲོ་བར་བཀོལ་བའི་རླངས་འཁོར་ཉེར་བརྒྱད་མེད་པར་བཏང་བ་དང་། ཁྲིམས་འགལ་གྱི་རྒྱལ་མཚམས་བརྒལ་རྩིས་བྱེད་པའི་མི་སྣ་སྟོང་གཉིས་དང་ཉིས་བརྒྱ་ཉེར་བདུན་འཛིན་བཟུང་བྱས། ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱ་དང་གཉིས་འཛིན་བཟུང་བྱས་པ་དང་། རླངས་ཁོར་སོ་གཅིག་མེད་པར་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།