ཀྲུང་གོ་བོད་ཀྱི་དྲ་བ།

​ཁུ་པཱའི་མགོ་ཁྲིད་པས་ཨ་མེ་རི་ཁའི་བར་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུ་པཱ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཏིས་ཡཱ་སི་ནཱ་ནེ་ཨར་གྱིས་ཚེས་ཉེར་བཞིའི་ཉིན་ཉིག་ཡོ་གྲོང་ཁྱེར་ནས་བསྟན་དོན། ཁུ་པཱ་ཡིས་ཨ་མེ་རི་ཁ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་འདོད་ཡོད་པ་དང་། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་ཕྱོགས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 

ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་མིར་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཁུ་པཱ་དང་ཨ་མེ་རི་ཁའི་འབྲེལ་བར་ཉེ་སྔོན་བྱུང་བའི་རྗེས་ནུར་གྱི་སྣང་ཚུལ་དང་ཨ་མེ་རི་ཁའི་སྲིད་གཞུང་གིས་དུས་ཡུན་རིང་བོར་ཁུ་པཱ་ལ་ལག་བསྟར་བྱས་པའི་དཔལ་འབྱོར་དང་དངུལ་ལོར་བཀག་སྡོམ། ཉོ་ཚོང་གཏན་འགོག་བཅས་ཀྱིས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཁུ་པཱའི་དཔལ་འབྱོར་འཕེལ་རྒྱས་ལ་བར་ཆད་བཟོས་པ་དང་། ཁུ་པཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ལའང་གནོད་སྐྱེལ་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གི་གྲོས་མི་ལོ་ཨིན་ཧོའེ་ཏིན་གྱིས་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་ཟླ་བཅུ་གཅིག་པར་དུས་འབྲིང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། སྐབས་གསར་བའི་རྒྱལ་སྲིད་ཚོགས་ཀྱིས་ཨ་མེ་རི་ཁ་དང་ཁུ་པཱའི་ཉོ་ཚོང་འགྲོ་འོང་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་ཟེར། དམངས་གྲོས་ཁང་གི་གྲོས་མི་མུས་ཁི་སི་ཡིས་བསྟན་དོན། ཁུ་པཱ་དེ་ཨ་མེ་རི་ཁར་མཚོན་ན་འཇིགས་ཉེན་ཞིག་མིན་པ་དང་། ཨ་མེ་རི་ཁའི་གནས་སྐོར་བར་ཁུ་པཱ་རུ་འགྲོ་བར་བཀག་འགོག་བྱེད་པར་དོན་སྙིང་ཅི་ཡང་མེད་ཟེར། 

ཏིས་ཡཱ་སི་ཁཱ་ནེ་ཨར་ཚེས་ཉེར་གསུམ་ཉིན་ཉིག་ཡོ་རུ་འབྱོར་བ་དང་། ཚེས་ཉེར་བཞིའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ་བའི་མན་ཏི་ལཱའི་ཞི་བདེའི་མཐོ་རིམ་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་བར་མ་ཟད། ཀུའུ་ཀི་སོགས་ཨ་མེ་རི་ཁའི་ཁེ་ལས་ཀྱི་འཐུས་མི་དང་མཉམ་དུ་ཁུ་པཱའི་བརྡ་འཕྲིན་འཕྲིན་གཏོང་ཚོང་ར་གསར་སྤེལ་བྱེད་པའི་ཐད་ནས་བརྗེ་རེས་བྱས། ཚེས་ཉེར་དྲུག་ཉིན། ཁོས་སྐབས་དོན་གསུམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་རྒྱུ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།