ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་བཀྲའ་ཝ་ཞིང་ཆེན་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། འགྲུལ་བ་སོ་བདུན་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཧིན་རྡུ་ཉི་ཞི་ཡཱའི་བཀྲའ་ཝ་ཞིང་ཆེན་གྱི་སུའུ་ཅཱ་ཝུའུ་མཱེ་གྲོང་ཁྱེར་གྱི་རི་ལམ་ཞིག་ནས་ལོག་པ་དང་། མིག་སྔར་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། དེའི་འཕྲོའི་རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།