ཀྲུང་གོ་བོད་ཀྱི་དྲ་བ།

​ཨུ་རུ་སི་ཡིས་དབྱི་ལིང་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྲུང་སྐྱོབ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སི་ཡིས་རྒྱལ་ཁབ་རིམ་པ་ནས་དབྱི་ལིང་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་ཡིས་རང་ནུས་ཡོད་ཚད་བཏོན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། རྒྱལ་ཁབ་རིམ་པ་ནས་བྱེད་ཐབས་སྤྱད་དེ་དབྱི་ལིང་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 
ཨུ་རུ་སིའི་ཕྱོགས་ཀྱིསི་ད་རུང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ཕྱོགས་ཁག་གཞན་པའི་བར་དབྱི་ལིང་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྲ་བརྟན་དང་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཡོལ་ནས་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་གཏོང་བཞིན་ཡོད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་བའི་ཚུན་ལ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཐེངས་མང་བོར་གཏན་འཁེལ་གཞིར་བཟུང་ནས་དབྱི་ལིང་གི་འབྲེལ་ཡོད་སྒྲིག་ཆས་ལ་ཞིབ་བཤེར་བྱས་པ་དང་། མཇུག་འབྲས་ལས་དབྱི་ལིང་གིས་གྲོས་མཐུན་ལག་བསྟར་བྱས་པ་བདེན་དཔང་ཐོབ་ཡོད་ལ། དེ་ལས་གྲོས་མཐུན་དེའི་ཕན་ནུས་རང་བཞིན་གསལ་བཤད་བྱས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་མཐུན་དེར་གཏན་འཇགས་ཀྱི་གསོན་ཤུགས་ལྡན་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་འབྱུང་བའི་དཀའ་ཁག་གང་རུང་ཐག་གཅོད་བྱེད་པའི་ནུས་པ་ལྡན་པར་ཡིད་ཆེས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།