ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀི་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་སྣ་བཞི་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ལོ་ཀིའི་ནང་སྲིད་པུའུ་ཡིས་ཚེས་གཉིས་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཀྲུང་དབྱང་ཁྲིམས་འཛིན་རྟོག་ཞིབ་ཅུའུ་ཡིས་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་སྣ་བཞི་འཛིན་བཟུང་བྱས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། མི་དེ་བཞི་བོ་ཁཱ་སཱ་པུའུ་ལན་ཁཱ་དང་། ཏན་ཅིར། ནེ་ཙུའུ་ཨར། ཐིས་ཙི་ནེ་ཐི་སོགས་གྲོང་ཁྱེར་དུ་འཇིགས་སྐུལ་བྱ་འགུལ་སྤེལ་བར་འབྲེལ་བ་ཡོད་ཟེར།

ཉིས་སྟོང་གསུམ་ལོར་ཁཱ་སཱ་པུའུ་ལན་ཁཱ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་རྗེས། མའོ་ལོ་ཀི་ཡིས་སྔོན་འགོག་རང་བཞིན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་སྤྱད་དེ་གྲུབ་འབྲས་མངོན་གསལ་བླངས། མའོ་ལོ་ཀིའི་ཀྲུང་དབྱང་ཁྲིམས་འཛིན་རྟོག་ཞིབ་ཅུའུ་ཡིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་ལོ་མགོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པའི་བར། མའོ་ལོ་ཀི་ཡིས་བསྡོམས་པས་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་ཁག་ང་གསུམ་གཏོར་བ་བ་དང་། འཇིགས་སྐུལ་ལ་འབྲེལ་བའི་དོགས་ཡོད་ཉེས་ཅན་བརྒྱད་བརྒྱ་དང་བཅོ་ལྔ་ཁྲིམས་འཛིན་ལས་ཁུངས་ལ་བརྒྱུད་སྤྲོད་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།