ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་ཉེར་གཉིས་ཉིན་ནས་བཟུང་ཨ་མེ་རི་ཁ་ནས་ནང་འདྲེན་བྱས་པའི་ཐོན་རྫས་ཁག་ཅིག་ལ་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ཀྱི་སྒོ་ཁྲལ་ཁ་སྣོན་བྱས་པར་རྒོལ་ལན་སྤྲོད་པའི་ཆེད་དུ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་འདིའི་ཚེས་ཉེར་གཉིས་ཉིན་ནས་བཟུང་ཨ་མེ་རི་ཁ་ནས་ནང་འདྲེན་བྱས་པའི་ཡོ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་ཀྱི་ཐོན་རྫས་ལ་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། ཐེངས་འདིའི་སྒོ་ཁྲལ་ཁ་སྣོན་བྱས་པའི་ཐོན་རྫས་ལ་ཨ་མེ་རི་ཁའི་རྣོ་ལྕགས་དང་ཧ་ཡང་ཐོན་རྫས། ཞིང་ཞོར་ཐོན་རྫས་སོགས་འདུས། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྒོ་ཁྲལ་ཁ་སྣོན་བྱེད་པའི་བྱེད་ཐབས་དེ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འཚམ་པ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཉོ་ཚོང་ཨུ་ཡོན་མཱ་ཨར་མུའུ་སི་ཐི་ལོན་གྱིས་ཉིན་དེར་བསྟན་དོན། ཨ་མེ་རི་ཁས་ཕྱོགས་གཅིག་ནས་དྲང་བདེན་མིན་པའི་ཆོད་དོན་སྤེལ་བས་ཡོ་རོབ་གླིང་མནའ་འབྲེལ་ལ་གདམ་གསེས་གཞན་པ་ཅི་ཡང་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།