ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཐད་ནས་གསལ་སྒྲོག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་གྲོས་མོལ་གྱི་ཀྲུང་གོའི་སྣེ་ཁྲིད་པ་ལིག་ཧི་ཡིས་ཀྲུང་གོའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར་པེ་ཅིང་ཏེའོ་ཡུས་ཐེ་རྒྱལ་ཁབ་མགྲོན་ཁང་ནས་ཨ་མེ་རི་ཁའི་ཚོང་དོན་པུའུ་ཀྲང་ལོ་སི་ཡིས་ཁྲིད་པའི་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཝ་ཧྲིན་ཐོན་གྱི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱས་པ་དང་། ཞིང་ལས་དང་ནུས་ཁུངས་སོགས་ཁྱབ་ཁོངས་མང་བོ་ནས་འབྲེལ་འདྲིས་གང་ལེགས་བྱས་ཏེ། བྱེ་བྲག་གི་གྲུབ་འབྲས་བཟང་བོ་བླངས་ཡོད།

ཀྲུང་གོའི་རྣམ་འགྱུར་ནི་ཐོག་མཐའ་བར་གསུམ་དུ་འགྱུར་མེད་ཡིན་ཞིང་། མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕེལ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐང་བ་དང་། དཔལ་འབྱོར་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་ཆེད། ཀྲུང་གོས་ཨ་མེ་རི་ཁ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་ནང་འདྲེན་ཇེ་མང་དུ་གཏོང་འདོད་ཡོད། དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་ཡོངས་ལ་ཕན་ཐོགས་ཡོད། བཅོས་བསྒྱུར་སྒོ་འབྱེད་དང་ནང་མཁོ་རྒྱ་བསྐྱེད་པ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་ལ། ང་ཚོས་གཏན་འབེབས་བྱས་པའི་ལས་རིམ་དེ་འགྱུར་མི་སྲིད་ཟེར།

ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་གྲུབ་འབྲས་གང་ཡིན་ཡང་ཕྱོགས་གཉིས་ཀྱིས་ཉོ་ཚོང་འཐབ་འཁྲུག་མི་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དེ་རྨང་གཞིར་བྱེད་དགོས། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་སྒོ་ཁྲལ་ཁ་སྣོན་བྱེད་པ་བཅས་པའི་ཉོ་ཚོང་བཀག་སྡོམ་བྱེད་ཐབས་བཏོན་ན། ཕྱོགས་གཉིས་ཀྱི་གྲོས་མོལ་ནས་བཀོད་པའི་དཔལ་འབྱོར་ཉོ་ཚོང་གི་གྲུབ་འབྲས་ཚང་མ་ནུས་མེད་དུ་འགྱུར་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།