ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འབྲེལ་བའི་གཏམ་བཤད་སྤེལ་ཏེ་དམངས་འཚོ་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་གསུམ་པའི་ཚེས་གཅིག་ཉིན་གྲོས་ཁང་གོང་འོག་གཉིས་ནས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འབྲེལ་བའི་གཏམ་བཤད་སྤེལ་བའི་སྐབས་སུ། ཨུ་རུ་སིའི་མ་འོངས་པའི་ལོ་འགའི་ནང་ཧུར་ཐག་སྒོས་སྡོད་དམངས་ཀྱི་ཡོང་འབབ་ཇེ་མཐོར་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།

ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ནས་ཕུའུ་ཅིན་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འབྲེལ་བའི་གཏམ་བཤད་ཐད་གཏོང་བྱས། ཁོས་བཤད་རྒྱུར། མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་དང་ཕན་བདེ་ལ་འགན་སྲུང་བྱེད་པ་སོགས་ཀྱི་ཐད་ནས་ཨུ་རུ་སི་ད་རུང་དགོས་ངེས་ཀྱི་ཆུ་ཚད་དུ་བསླེབ་མེད། ཚན་རྩལ་གྱི་གྲུབ་འབྲས་གསར་བ་བེད་སྤྱད་དེ་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། དཔལ་འབྱོར་དང་རྨང་གཞིའི་སྒྲིག་ཆས། རྒྱལ་ཁབ་ཀྱི་དོ་དམ་བཅས་ལེགས་བཅོས་བྱེད་པའི་ཐད་ནས། མ་འོངས་པའི་ལོ་འགའ་ནི་ཨུ་རུ་སི་ལ་མཚོན་ན་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་དུས་སྐབས་ཤིག་ཡིན་ལ། ཨུ་རུ་སི་ཡིས་སྟོབས་དང་ལྡན་པའི་བྱེད་ཐབས་ཀྱིས་དེའི་ཐད་ཀྱི་འགྲན་རྩོད་གདོང་གིས་བསུ་དགོས་ཟེར།

དམངས་འཚོ་ལེགས་བཅོས་བྱེད་པའི་དམིགས་འབེན་གླེང་སྐབས་ཕུའུ་ཅིན་གྱིས་བསྟན་དོན། མ་འོངས་པའི་ལོ་དྲུག་ནང་ཨུ་རུ་སི་ཡིས་ཧུར་ཐག་སྒོས་སྡོད་དམངས་ཀྱི་ཡོང་འབབ་ཇེ་མཐོར་བཏང་སྟེ། དབུལ་ཕོངས་མི་གྲངས་དེ་མིག་སྔའི་བྱེ་བ་གཉིས་ཙམ་ནས་ཕྱེད་ཀ་ཇེ་ཉུང་དུ་གཏོང་རྒྱུ་དང་། དུས་རབས་འདིའི་ལོ་རབས་ཉི་ཤུའི་དཀྱིལ་བར་ཨུ་རུ་སིའི་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་གི་སྤྱིའི་ཐོན་རིན་ད་ལྟ་ལས་བརྒྱ་ཆའི་ལྔ་བཅུ་ཇེ་མཐོར་གཏོང་རྒྱུ་ཡིན་ལ། མ་འོངས་པའི་ལོ་དྲུག་ནང་ཨུ་རུ་སིའི་སྒོར་མོ་ཁྲག་ཁྲིག་ཆེན་མོ་བཅུ་གཅིག་བསྡུས་ཏེ་གཞུང་ལམ་དང་ཟུར་གཏོགས་སྒྲིག་ཆས་ལས་པ་དང་། ཨུ་རུ་སི་དང་ཀྲུང་གོ། ཧཱ་སག་སི་ཐན་བཅས་ཀྱིས་མཉམ་དུ་བསྐྲུན་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་སྐྱེལ་འདྲེན་བགྲོད་ལམ་ཆེན་མོ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།

རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་སུ་གཏོང་བའི་འཕེལ་རིམ་ཁྲོད་དུ་ཨུ་རུ་སི་ཡིས་མིའི་ཐབས་ཀྱི་རིག་ནུས་ལག་རྩལ་དང་གྲངས་ལྡན་གློག་འདོན་དོ་དམ་ལག་རྩལ། གྲངས་ལྡན་མཚོ་མཁའི་སྐྱེལ་འདྲེན་ལམ་སྟོན་ལག་རྩལ། མི་བསྡད་མེད་པའི་འཁོར་སྒུལ་ལག་རྩལ་བཅས་བེད་སྤྱོད་བྱེད་རྒྱུ་མ་ཟད། ནུས་ཁུངས་ཐོན་སྐྱེད་དང་གསོག་འཇོག སྐྱེལ་འདྲེན་བཅས་ཀྱི་ཐད་ཚན་རྩལ་གྲུབ་འབྲས་གསར་བ་བེད་སྤྱོད་བྱེད་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་ད་རུང་བསྟན་དོན། ཉིས་སྟོང་ཉེར་བཞི་ལོའི་སྔོན་ཨུ་རུ་སིའི་ས་ཁུལ་སོ་སོར་མྱུར་ཤ་ཆེ་བའི་དྲ་འབྲེལ་མཁོ་གལ་ཆེ་བ་དང་། འཕྲིན་གཏོང་སྐུད་ལམ་དེ་མི་གྲངས་ཉིས་བརྒྱ་དང་ལྔ་བཅུ་བརྒལ་བའི་སྡེ་བ་མང་ཤོས་ལ་ཁྱབ་གདལ་དུ་གཏོང་དགོས་ལ། གླིང་སྣེ་བྱང་མ་དང་ཞི་པའོ་ལེ་ཡཱ། ཡོན་ཏུང་བཅས་ས་ཁུལ་གྱི་མཐའ་འཁོབ་སྡེ་བར་གཏན་འཇགས་ཀྱི་འཁོར་སྐར་འཕྲིན་གཏོང་དྲ་བ་འཐེན་པ་མངོན་འགྱུར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།