ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་མདུན་ལྗོངས་ལ་གནོད་པའི་ཕྱོགས་གཅིག་གི་བྱེད་ཐབས་གང་རུང་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དྲུག་ཉིན་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་མདུན་ལྗོངས་ལ་གནོད་པའི་ཕྱོགས་གཅིག་བྱེད་ཐབས་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་དྲུག་ཉིན་ཡེ་ལུའུ་སཱ་ལེམ་དེ་དབྱི་སི་རལ་གྱི་རྒྱལ་སར་ཁས་ལེན་པ་དང་། དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ཐི་ལཱ་ཝེ་ཧྥུའུ་ནས་ཡེ་ལུའུ་སཱ་ལེམ་དུ་སྤོར་བའི་འཕེལ་རིམ་མགོ་རྩོམ་རྒྱུ་ཁྱབ་སྒྲོག་བྱས།

ཀུའུ་ཐི་ལོས་སི་ཡིས་དེའི་རྗེས་སུ་གསར་འགྱུརལ་སིརག་སལ་གཏམ་བཤད་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་འགན་ཁུར་བའི་ཉིན་དང་པོ་ནས་བཟུང་། ཁོས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་མདུན་ལྗོངས་ལ་གནོད་པའི་ཕྱོགས་གཅིག་གི་བྱེད་ཐབས་གང་རུང་ལ་ངོ་རྒོལ་བྱེད་རྒྱུའི་ཚུལ་བསྟན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཡེ་ལུའུ་སཱ་ལེམ་གྱི་གནད་དོན་དེ་ངེས་པར་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་རང་རང་གིས་སེམས་ཁུར་ཆེན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་སྟེ། ཐད་ཀར་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལས་གདམ་གསེས་གཞན་པ་མེད་ཟེར། ཁོས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་དང་ཕན་ཚུན་ཁས་ལེན་བྱེད་པ་དང་། ཡེ་ལུའུ་སཱ་ལེམ་དེ་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་རྒྱལ་སར་བྱས་ན། མཇུག་མཐའི་གནད་དོན་ཚང་མ་གྲོས་མོལ་ལ་བརྟེན་ནས་དུས་གཏན་དུ་ཐག་གཅོད་བྱེད་ཐུབ་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ལུགས་མཐུན་རེ་འདུན་ཀྱང་མངོན་འགྱུར་བྱེད་ཐུབ་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཡིན་པའི་ཆ་ནས། ཁོས་རང་ནུས་ཅི་ལྕོགས་ཀྱིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་རེ་སྒུག་བྱེད་པའི་ཡུན་རིང་ཞི་བདེའི་རེ་འདུན་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།