ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཙུང་ལི་ཡིས་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་དམངས་ཀྱིས་བརྡས་ཐག་བཅད་པའི་མཇུག་འབྲས་བཀག་འཇོག་བྱེད་པའི་གྲོས་གཞི་དང་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་གིས་བཏོན་པའི་དམངས་ཀྱིས་བརྡས་ཐག་བཅད་པའི་མཇུག་འབྲས་བཀག་འཇོག་བྱེད་པའི་གྲོས་གཞི་དང་ལེན་མི་བྱེད་པ་དང་། ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་ངེས་པར་དུ་དམངས་ཀྱིས་བརྡས་ཐག་བཅད་པའི་མཇུག་འབྲས་རྩིས་མེད་དུ་གཏོང་དགོས་ཟེར།

དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཨ་པཱ་ཏིས་ཀྱི་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དབྱི་རག་ཀྲུང་དབྱང་སྲིད་གཞུང་གིས་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་དམངས་ཡོངས་ཀྱིས་བརྡས་ཐག་བཅད་པའི་མཇུག་འབྲས་རྩིས་མེད་དུ་བཏང་སྟེ་རྩ་ཁྲིམས་བརྩི་སྲུང་བྱེད་པ་ཁོ་ན་དང་ལེན་བྱེད་སྲིད་ཟེར། རྣམ་འགྱུར་དེ་ལས་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་གིས་བཏོན་པའི་དམངས་ཀྱིས་བརྡས་ཐག་བཅད་པའི་མཇུག་འབྲས་བཀག་འཇོག་བྱེད་པའི་གྲོས་གཞི་དེ་མཐའ་གཅིག་ཏུ་ཁས་ལེན་མ་བྱས་པའི་མཚོན་རྟགས་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།