ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་མེད་ཡཱ་ཏེན་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱེད་པའི་འགུལ་སྐྱོད་ལ་གྲུབ་འབྲས་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཚེས་བདུན་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་པའི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་མེད་ཡཱ་ཏེན་གྲོང་ཁྱེར་གྱི་ས་ཁུལ་སྐོར་ཞིག་བདག་ཏུ་བཟུང་སྟེ། མེན་ཡཱ་ཏེན་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱེད་པའི་དམག་དོན་འགུལ་སྐྱོད་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཟེར།

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཚེས་དྲུག་ཉིན་མེན་ཡཱ་ཏེན་གྲོང་ཁྱེར་གྱི་ནུབ་མཐར་དཔུང་འཇུག་བྱས་ཏེ། ས་ཁུལ་དེའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དཔུང་འཇུག་བྱེད་མགོ་བརྩམས། འཁྲུག་རྩོད་དྲག་པོ་བྱས་པ་བརྒྱུད། སྲིད་གཞུང་དམག་དཔུང་གིས་མཁར་རྫོང་དང་དམག་དོན་སྒར་ས། ཞིང་ས་བཅས་འདུས་པའི་ས་ཁོངས་རྒྱ་ཆེན་པོ་བཟུང་བ་དང་། ཐལ་སྤྱོད་རྩ་འཛུགས་ཀྱིས་འགས་གཏོར་འཇབ་རྒོལ་སྤེལ་བར་བཀོལ་བའི་རླངས་འཁོར་གཉིས་གཏོར་ཟེར།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་ཚེས་བདུན་ཉིན་མེན་ཡཱ་ཏེན་གྲོང་ཁྱེར་དང་མཐའ་མཚམས་གྲོང་རྡལ་ཨ་པུའུ་ཁཱ་མེད་ལེ་བར་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་མང་བོ་བསད་པ་དང་། རླངས་འཁོར་དང་སྒྲིག་ཆས་ལ་གཏོར་བརླག་བཏང་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།