ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པཱ་ལཱའི་གཡོན་ཕྱོགས་སྲིད་ཏང་གཙོ་བོ་གསུམ་གྱིས་འགྲན་རྩོད་མནའ་འབྲེལ་བཙུགས་ཏེ་མཉམ་བསྲེས་བྱེད་རྩིས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པཱ་ལཱའི་གུང་ཁྲན་ཏང་མཉམ་འབྲེལ་མཱ་ལེ་དང་ནེ་པཱ་ལཱའི་གུང་ཁྲན་ཏང་མའོ་རིང་ལུགས་ལྟེ་གནས། ནེ་པཱ་ལཱའི་སྟོབས་ཤུགས་གསར་བའི་ཏང་བཅས་གཡོན་ཕྱོགས་སྲིད་ཏང་གཙོ་བོ་གསུམ་གྱིས་ཚེས་གསུམ་ཉིན་ཀ་ཏི་མན་ཏུའུ་གྲོང་སྲིད་ཐིན་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། འགྲན་རྩོད་མནའ་འབྲེལ་འཛུགས་རྒྱུ་མ་ཟད་ཏང་ཁག་མཉམ་བསྲེས་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཁྱབ་སྒྲོག་བྱས།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཏང་ཁག་གསུམ་གྱི་མགོ་ཁྲིད་པས་མཉམ་ལས་གྲོས་མཐུན་ཞིག་བཀོད། གྲོས་མཐུན་དེ་ལྟར་ན། ཏང་ཁག་གསུམ་གྱིས་མཉམ་དུ་འགྲན་རྩོད་རྩ་འཛིན་ཞིག་བཟོས་ནས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་གྲོས་ཁང་དང་རྒྱལ་ཁབ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་ཡིན་པ་དང་། ཏང་ཁག་གསུམ་གྱིས་ད་རུང་ཏང་ཁག་མཉམ་བསྲེས་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ། གཅིག་གྱུར་གྱི་འགུལ་སྐྱོད་འཆར་གཞི་བཟོ་བ་དང་ཏང་གི་རྩ་འཛིན་དང་སྲིད་ཇུས་གཏན་འབེབས་བྱེད་རྒྱུ་མ་ཟད། འདེམ་བསྐོ་ཐེངས་གཉིས་མཇུག་སྒྲིལ་རྗེས་ཏང་ཁག་གསུམ་གྱིས་མཉམ་བསྲེས་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།