ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ཞིའི་བུད་མེད་ཀྱི་སྤྱིའི་ཞིབ་དཔྱོད་དཔོན་པོ་དང་པོས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པཱ་ཞིའི་གསར་དུ་འགན་ཁུར་བའི་སྤྱིའི་ཞིབ་དཔྱོད་དཔོན་པོ་ཏའོ་ཆི་ཡིས་ཚེས་བཅོ་བརྒྱད་ཉིན་པཱ་ཞི་ལེ་ཡཱ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། པཱ་ཞིའི་ལོ་རྒྱུས་སྟེང་ལས་འགན་དེ་ཁུར་བའི་བུད་མེད་ཐོག་མར་གྱུར།

ལས་འགན་དངོས་སུ་ཁུར་རྗེས་ཏའོ་ཆི་ཡིས་པཱ་ཞིའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཀྱི་འགན་ཁུར་རྒྱུ་རེད། དམ་བཅའ་འཇོག་པའི་མཛད་སྒོའི་སྟེང་ཁོ་མོས་བསྟན་དོན། པཱ་ཞིའི་མི་དམངས་ཀྱིས་རུལ་སུངས་བྱ་སྤྱོད་མཐོང་བར་མི་འདོད་པ་དང་། ཁོ་ཚོའི་སེམས་འདུན་ནི་རུལ་སུངས་བྱ་སྤྱོད་ལ་རྟོག་ཞིབ་དང་ཐག་གཅོད་བྱེད་རྒྱུ་དེ་ཡིན་ཟེར།

ཏའོ་ཆི་ཡིས་ནན་གྱིས་བསྟན་དོན། མ་འོངས་པའི་བྱ་བའི་ཁྲོད་དུ་དབང་ཤུགས་ལས་ཁུངས་གཞན་པའི་བར་རྣམ་པ་གསར་བའི་འབྲེལ་བ་འཛུགས་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

དཔོན་ཕྱོགས་ཀྱི་རྒྱུ་ཆ་ལྟར་ན། ཏའོ་ཆི་གཅིག་སྟོང་དགུ་བརྒྱ་གྱ་དགུའི་ལོར་པཱ་ཞི་རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་ཁང་དུ་ཡོང་ནས་བྱ་བ་བསྒྲུབས་པ་དང་། ད་ལོའི་ཟླ་དྲུག་པར་ཐི་མཱེ་ཨར་གྱིས་སྤྱིའི་ཞིབ་དཔྱོད་དཔོན་པོའི་འདེམ་སྒུག་མི་སྣར་མིང་བཏོན་ནས། ཟླ་བདུན་པར་དམངས་གྲོས་ཁང་གི་ཆོག་མཆན་ཐོབ་པ་རེད། ཁོ་མོའི་སྤྱིའི་ཞིབ་དཔྱོད་དཔོན་པོའི་འགན་ཡུན་ནི་ལོ་གཉིས་ཡིན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།