ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་ནས་སི་རི་ཡཱའི་ཉམས་ཉེན་གཙོ་བོར་གླེང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་ཚེས་བཅུ་བདུན་ཉིན་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་པའི་སྐབས་སུ་ཕྱོགས་གཉིས་ཀྱི་གྲོས་མོལ་སྤེལ་བ་རེད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་ཉམས་ཉེན་དང་དབུས་ཤར་གྱི་གནད་དོན་ཐད་ཀྱི་མཉམ་ལས་དང་། དེ་མིན་ཝུའུ་ཁི་ལན་གྱི་གནད་དང་མེན་སི་ཁིའི་གྲོས་མཐུན་དངོས་འབེབ་བྱས་པའི་གནས་ཚུལ་སོགས་ལ་གྲོས་བསྡུར་བྱས་ཟེར་ཡང་། ཀྲ་ཧཱ་ལོ་ཝ་ཡིས་བྱེ་བྲག་གི་ནང་དོན་ཞིབ་གསལ་དུ་བརྗོད་མེད། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྟན་དོན། ཐེངས་འདིའི་གྲོས་མོལ་གྱི་གླེང་གཞི་གཙོ་བོ་ཞིག་ནི་སི་རི་ཡཱའི་གནད་དོན་རེད་ཟེར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ནོའུ་ཨར་ཐི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་སི་རི་ཡཱའི་དམག་དོན་འགལ་བ་ཐག་གཅོད་བྱེད་པ་དང་། དྲག་ཤུགས་ཇེ་ཉུང་དུ་བཏང་སྟེ། སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་ལ་ཡར་སྐུལ་གཏོང་བར་ཆ་རྐྱེན་བསྐྲུན་དགོས་ཟེར།

ཉེ་བའི་ཟླ་ངོ་འགའི་རིང་། ཨ་མེ་རི་ཁ་དང་ཨུ་རུ་སིའི་ཕྱི་འབྲེལ་གྱི་འགལ་བ་ཛ་དྲག་ཏུ་འགྱུར་བཞིན་ཡོད། བཀག་སྡོམ་བྱེད་ཐབས་བཏོན་པ་དང་ཕྱི་འབྲེལ་ལས་ཁུངས་ཀྱི་སྒོ་བརྒྱབ་པ། ཕྱི་འབྲེལ་མི་སྣ་ཇེ་ཉུང་དུ་བཏང་བ་སོགས་ལས་ཕྱོགས་གཉིས་བར་འགལ་བ་ཐེངས་འགའ་བྱུང་། ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བའང་ཛ་དྲག་གི་གནས་སུ་ལྷུང་། ཉིན་འགའི་སྔོན་ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ཕྱི་འབྲེལ་བློན་ཆེན་གཞོན་པ་རིམ་པའི་གྲོས་མོལ་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་གནས་བབ་ཛ་དྲག་ཏུ་གཏོང་འདོད་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།