ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་ཨ་མེ་རི་ཁས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བའི་སྐབས་སུ། ཨ་མེ་རི་ཁའི་མཐོ་རིམ་དམག་དཔོན་གསུམ་གྱིས་དུས་མཉམ་དུ་ཧན་གོར་འཚམས་འདྲི་བྱས་པ་དང་། ས་དེའི་གསར་འགྱུར་ལས་རིགས་ཀྱིས་དེ་ནི་མཐོང་དཀོན་པའི་སྣང་ཚུལ་ཞིག་རེད་ཟེར། ཁོ་ཚོ་ནི་སོ་སོར་ཨ་མེ་རི་ཁའི་འཐབ་ཇུས་དམག་སྤྱི་ཁང་གི་དམག་སྤྱི་ཧེ་ཏོན་དང་། ཨ་མེ་རི་ཁའི་ཞི་བདེ་རྒྱ་མཚོའི་དམག་སྤྱི་ཁང་གི་དམག་སྤྱི་ཧཱ་ལི་སི། ཨ་མེ་རི་ཁའི་འཕུར་མདའི་འགོག་སྲུང་ཅུའུ་ཡི་ཅུའུ་ཀྲང་ཀི་ལི་ཧྥུའུ་སི་བཅས་རེད།