ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་པཱ་སེ་ལོ་ནཱའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐད་ནས་སི་ཕན་གྱི་རྒྱལ་བོར་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་ཕན་གྱི་པཱ་སེ་ལོ་ནཱ་གྲོང་ཁྱེར་ནས་ཚེས་བཅུ་བདུན་ཉིན་དངོས་སྐྱེལ་རླངས་འཁོར་གྱིས་ལམ་འགྲོ་བར་ཐོ་བརྒྱབ་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་། ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཉིན་དེར་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་པཱ་སེ་ལོ་ནཱ་གྲོང་ཁྱེར་ལྟེ་གནས་ཀྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐད་ནས་སི་ཕན་གྱི་རྒྱལ་བོ་ཧྥེ་ལེ་ཕུའུ་སྐུ་ཕྲེང་དྲུག་པར་འཚམས་འདྲིའི་གློག་འཕྲིན་བཏང་།

ཕུའུ་ཅིན་གྱིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། མི་སེར་དཀྱུས་མར་དམིགས་པའི་ཡ་ང་བའི་དྲག་ཤུགས་ནི་ངོ་ཚ་ཁྲེལ་མེད་ཀྱི་ནག་ཉེས་བྱ་སྤྱོད་ཅིག་ཡིན་པ་དང་། དོན་རྐྱེན་དེ་འདྲ་བྱུང་བ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ནས་ཀུ་ཡངས་གཏན་ནས་གཏོང་མི་རུང་བ་ར་སྤྲོད་བྱུང་ཡོད་ཟེར། ཕུའུ་ཅིན་གྱིས་ད་རུང་འདས་པོའི་ཁྱིམ་མི་དང་གཉེན་ཉེ་ལ་འཚམས་འདྲི་བྱས་པར་མ་ཟད། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།